ལས་གནས་མང་དུ་བཏང་ནས་ལས་ཞུགས་བརྟན་པོ་ཡོང་བར་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-15


        མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་དེ་བས་ཡག་པོ་དང་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ཁེ་ལས་ཀྱིས་ལས་མི་བསྡུ་རྒྱུར་སྐུལ་ལྕག་བྱེད་པ་དང་། ལས་ཞུགས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ། རང་རྟེན་ལས་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་མཐོ་སློབ་སློབ་ཐོན་སློབ་མ་སྔ་ཙམ་ལས་ཞུགས་དང་ལས་ཞུགས་ཡག་པོ་ཐུབ་རྒྱུར་རོགས་རམ་བྱས་ཡོད། ཉེ་ཆར། “2023ལོའི་ཀྲུང་གོ་ཨར་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིའི་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་སློབ་གྲྭའི་ལས་བསྡུའི་འདུ་ཚོགས”བོད་ལྗོངས་སློབ་ཆེན་དུ་འཚོགས་པ་དང་། ཁེ་ལས་50ཡིས་ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ནང་ཞུགས་ནས་ལས་གནས་303མཁོ་འདོན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1