པཎ་ཆེན་རིན་པོ་ཆེ་མཆོག་ཆབ་མདོ་བྱམས་པ་གླིང་དགོན་དུ་ཕེབས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-19


པཎ་ཆེན་རིན་པོ་ཆེ་མཆོག་ཆབ་མདོ་བྱམས་པ་གླིང་དགོན་དུ་ཕེབས་པ།

        སྤྱི་ཟླ་6ཚེས་12ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་གཞོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྱམས་པ་གླིང་དགོན་པར་མཆོད་མཇལ་དང་འབྲེལ་བཀའ་ཆོས་གནང་བ་མ་ཟད། དད་ལྡན་མང་ཚོགས་ཁྲི་3.6ལྷག་ཙམ་ལ་ཕྱག་དབང་གནང་འདུག བྱམས་པ་གླིང་དགོན་པའི་དགེ་འདུན་པས་སེར་སྦྲེང་བསྒྲིགས་ཤིང་། སྤྱན་འདྲེན་རྒྱ་གླིང་དང་རིན་རྒྱན་སྤོས་འཛིན་པས་སྔུན་བསུ་བ་སོགས་བོད་བརྒྱུད་ནང་བསྟན་གྱི་གུས་ལུགས་ཆོ་ག་གྲ་རྒྱས་ཤོས་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་རེད། བྱམས་པ་གླིང་དགོན་པ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་སྲོལ་གཏོད་པ་རྗེ་ཙོང་ཁ་པའི་སློབ་མ་རྗེ་ཤེས་རབ་བཟང་པོས་དུས་རབས་བཅོ་ལྔ་པར་ཕྱག་བཏབ་པ་དང་། དགོན་དེའི་རྟེན་གྱི་གཙོ་བོ་ནི་རྒྱལ་བ་བྱམས་པའི་སྐུ་བརྙན་ཡིན་པས་དགོན་དེའི་མཚན་དུའང་བྱམས་པ་གླིང་ཞེས་ཐོགས་པ་རེད།

སྤྱི་ཟླ་6ཚེས་12ཉིན། པཎ་ཆེན་རིན་པོ་ཆེས་བོད་ལྗོངས་ཆབ་མདོ་བྱམས་པ་གླིང་དགོན་པར་མཆོད་མཇལ་ཞུས་པ།

སྤྱི་ཟླ་6ཚེས་12ཉིན། པཎ་ཆེན་རིན་པོ་ཆེས་ཆབ་མདོ་བྱམས་པ་གླིང་དགོན་དུ་མཆོད་མཇལ་དང་འབྲེལ་བཀའ་ཆོས་གནང་བ།

སྤྱི་ཟླ་6ཚེས་12ཉིན། པཎ་ཆེན་རིན་པོ་ཆེས་ཆབ་མདོ་བྱམས་པ་གླིང་དགོན་པར་མཆོད་མཇལ་དང་འབྲེལ་བཀའ་ཆོས་གནང་བ།

སྤྱི་ཟླ་6ཚེས་12ཉིན། ཆབ་མདོ་བྱམས་པ་གླིང་དགོན་པའི་དགེ་འདུན་པའི་འཐུས་མིས་པཎ་ཆེན་རིན་པོ་ཆེར་མཎྜལ་ཕུལ་བ།

སྤྱི་ཟླ་6ཚེས་12ཉིན། ཆབ་མདོ་བྱམས་པ་གླིང་དགོན་པའི་དགེ་འདུན་པས་བརྟན་བཞུགས་ཕུལ་བ།

སྤྱི་ཟླ་6ཚེས་12ཉིན། པཎ་ཆེན་རིན་པོ་ཆེས་ཆབ་མདོ་བྱམས་པ་གླིང་དགོན་པའི་དགེ་འདུན་པའི་སྡེ་དང་མཉམ་དུ་སྐུ་པར་བསྐྱོན་པ།

སྤྱི་ཟླ་6ཚེས་12ཉིན། པཎ་ཆེན་རིན་པོ་ཆེས་ཆབ་མདོ་བྱམས་པ་གླིང་དགོན་དུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ།

སྤྱི་ཟླ་6ཚེས་12ཉིན། དད་ལྡན་པས་ཆབ་མདོ་བྱམས་པ་གླིང་དགོན་དུ་གྲལ་བསྒྲིགས་ནས་པཎ་ཆེན་རིན་པོ་ཆེས་ཕྱག་དབང་གནང་རྒྱུར་སྒུག་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1