འདི་ནི་གྲོང་མི་དང་ཡུལ་སྐོར་བས་འགྲེམས་ཁང་གི་བོད་ལྗོངས་ཡུལ་སྐོར་འགྲེམས་ཁུལ་དུ་ལྟ་སྐོར་དང་དྲན་རྟེན་པར་རྒྱག་བཞིན་པ།
འདི་ནི་ལྟ་སྐོར་བས་རྒྱན་ཆ་ཉོ་བཞིན་པ།
འདི་ནི་བོད་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་མི་རྣམས་ཀྱིས་དགའ་པོ་བྱེད་པ།
འདི་ནི་འཁྲུག་ཆ་དོད་པའི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་འགྲེམས་གནས་ཡིན་པ།
འདི་ནི་ལས་དོན་པས་ལྟ་སྐོར་བར་གྲངས་འཛིན་གྲོང་གསེབ་འགྲེལ་བཤད་རྒྱག་བཞིན་པ།
འདི་ནི་ལྟ་སྐོར་བས་ས་གནས་ས་ཐོག་ཏུ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་བྲོ་བ་མྱོང་བཞིན་པ།
འདི་ནི་སྒྱུ་རྩལ་པས་ས་གནས་ས་ཐོག་ཏུ་ཐང་ག་བཞེངས་བཞིན་པ།
འདི་ནི་ལྟ་སྐོར་བ་གྲལ་བསྒྲིགས་ནས་འགྲེམས་ཁུལ་དུ་སྐྱོད་བཞིན་པ།
ཟླ་6ཚེས་16ཉིན་ས་མཐོའི་ཆེས་མཛེས་པའི་དུས་ཚིགས་སུ་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ(གཤམ་དུ“བོད་ལྗོངས་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ལྷ་སར་འགོ་ཚུགས་ནས་མི་རྣམས་ལ་རིག་གནས་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཏེ་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། བསྟུན་མཁས་སྒོ་དབྱེ་བཅས་མཚོན་པར་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་ཀྱི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་ཤིག་དང་འཕེལ་རྒྱས་ནི་མི་དམངས་བདེ་སྐྱིད་ཡོང་བའི་འགག་རྩ་ཞིག་རེད”ཅེས་གསུངས་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཡུལ་སྐོར་དང་རིག་གནས་ཐོན་ཁུངས་ཀྱི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་ཡུལ་སྐོར་རིག་གནས་ཐོན་ལས་དེ་དམངས་ཕྱུག་བོད་དར་གྱི་སྣེ་ཁྲིད་ཐོན་ལས་སུ་སྐྱེད་སྲིང་བྱས་པས། བོད་ལྗོངས་འགྲེམས་ཚོགས་འདི་ཉིད་བོད་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་གཞི་རྟེན་གསར་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་གྱི་ཤར་འདབས་སུ་གནས་པའི་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་སུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ས་གནས་ཁག་གི་ཡུལ་སྐོར་བ། ས་གནས་དེ་གའི་གྲོང་མི་སོགས་ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྐོར་དང་ཉམས་ལེན་བྱེད་བཞིན་ཡོད། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་ཟླ་6ཚེས་16ཉིན་ནས་18ཉིན་བར་གཉེར་བ་དང་འགྲེམས་གནས་ཀྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་1ལྷག་ཙམ་ཡོད་ཅིང་། དེར་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཆིག་སྟོང་ཙམ་གྱིས་ཐོན་རྫས་རིགས་ཆིག་ཁྲི་ཙམ་འགྲེམས་སྟོན་བྱས་ཡོད།
བོད་ཀྱི་ཞིང་འབྲོག་ཁུལ་ནས་ཡོང་བའི་མཁོ་འཚོང་མཉམ་ལས་རྩ་འཛུགས་50ཡིས་རྩམ་པ་དང་། ཤིང་ཕོར། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས་300ལྷག་ཙམ་འགྲེམས་སྟོན་དུ་བཤམས་ཡོད། བོད་རང་སྐྱོང་ལྗོངས་མཁོ་ཚོང་མཉམ་ལས་ཁང་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་མིག་དམར་དབང་འདུས་ཀྱིས། གཞི་རིམ་གྱི་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་དྲ་ཐོག་ཚོང་དོན་ལས་སྟེགས་དང་དྲ་ཕྱིའི་འགྲེམས་ཚོགས་བརྒྱུད་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཁྲོམ་རར་འགྲེམས་སྟོན་བྱེད་ཀྱི་ཡོད། “ཞིང་འབྲོག་མང་ཚོགས་ཀྱིས་ཁྲོམ་རའི་དཔལ་འབྱོར་ལ་བརྟེན་པས་འབབ་འཕར་བྱུང་ནས་ཁོང་ཚོའི་གདེང་ཚོད་དེ་བས་ཆེ་རུ་སོང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཡིད་ཆེས་ཆེན་པོས“ཕྱིར་སྐྱོད”དགོས་ལ་བློ་རྒྱ་ཆེན་པོས“ཚུར་གདན་འདྲེན་ཡང་ཞུ”དགོས། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནི་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱ་ཐབས་ལ་བརྟེན་ནས་གཉེར་བ་ཞིག་ཡིན་པས། འགྲེམས་ཚོགས་ལ་ཞུགས་མཁན་གྱི་ཕྱི་རྒྱལ་ཚོང་པ་སྔར་བས་མང་དུ་ཕྱིན་པ་སྟེ། ནེ་པ་ལ་དང་། རྒྱ་གར། ཝེ་ཐེ་ནམ། དབྱི་རན། དབྱི་ཐ་ལི། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་16ནས་ཡོང་བའི་ཁེ་ལས་60ཡིས་ཚོང་ཟོག་སྣ་ཁ་630ཁྱེར་ཡོད་པས་འགྲེམས་ཁང་དུ“རྒྱལ་སྤྱིའི་རྣམ་པ”ཟབ་མོ་མངོན་ཡོད།