ཡིད་དབང་འཕྲོག་པའི་ཐང་གའི་སྒྱུ་རྩལ་དང་། ཞིབ་ཚགས་ལ་གཟབ་ནན་གྱི་བོད་ཡིག་ཡིག་གཟུགས། སྣ་མང་ཕུན་སུམ་ཚོགས་པའི་བོད་རུམ་འཐག་ལས་སོགས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ཐོག་རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་མང་པོ་འདུས་ཡོད།
མིག་སྔར། བོད་ལྗོངས་སུ་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་3ཡོད་པ་དང་། རྒྱལ་ཁབ་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་དཔེ་སྟོན་རྟེན་གཞི་4དང་མངོན་མིན་རིག་གནས་ཤུལ་བཞག་གི་ལས་ཞུགས་ལས་སྒྲུབ་ཁང་151གཏན་འཁེལ་བྱས་པ་དང་། ཁྱོན་འཛམ་གླིང་གི་རིག་གནས་ཤུལ་བཞག་གཅིག་དང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་70རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་603བཅས་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ནུས་ལྡན་བྱས་པས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་བོད་དུ་རིགས་ཁག་གི་རིག་གནས་ཁེ་ལས་8000ལྷག་ཙམ་ཡོད་པ་དང་། ལས་ཞུགས་མི་སྣ་ཁྲི་8ལས་བརྒལ་བ། རིག་གནས་དང་འབྲེལ་ཡོད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་70ཙམ་ཟིན་པ།ལོའི་འཕར་ཚད་ཆ་སྙོམས་15%ལས་བརྒལ་བ།རིག་གནས་ཐོན་ལས་ཀྱིས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།