བོད་ལྗོངས་འགྲེམས་ཚོགས་སུ་མི་ཚོགས་ཀྱིས་ཁེངས་ཤིང་ཐོན་རྫས་སྣ་མང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-25


        ཉེ་ཆར། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་ལྷ་སར་གཉེར་བ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། འགྲེམས་ཞུགས་ཐོན་རྫས་ཁྲོད་ཉེར་མཁོའི་འཛད་སྤྱོད་ཐོན་རྫས་ཡོད་ལ། ཚན་རྩལ་དང་དེང་རབས་རྣམ་པའི་རིག་ནུས་ཐོན་རྫས་དང་། ཐོན་རྫས་རྩེ་གྲ་ཡང་ཡོད་པ་དང་། ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཡོད་ལ་གཞན་ཡུལ་གྱི་ཉམས་འགྱུར་ལྡན་པའི་རྒྱལ་སྤྱིའི་ཐོན་རྫས་ཀྱང་ཡོད་པས། འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ནས་འདེམས་ཉོ་བྱས་པ་དང་། འགྲེམས་ཁང་གི་སྒོ་འགྲམ་དུ་གྲལ་རིང་པོ་བསྒྲིགས་ཤིང་། འགྲེམས་ཁུལ་ནང་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོའི་རྣམ་པ་ཤར།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1