བོད་ལྗོངས་ནས་ནག་གིས་ཞིང་ལས་འཕེལ་རྒྱས་ལ་རོགས་འདེགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 06-26


        

        2023ལོར་འཛམ་གླིང་ཟིན་ཐོའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད(WRCA)གཞུང་ཕྱོགས་ཀྱིས་ར་སྤྲོད་བྱས་པ་བརྒྱུད། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་འདི་ཉིད“འཛམ་གླིང་གི་ནས་ནག་འདེབས་འཛུགས་རྟེན་གཞི་ཆེ་ཤོས་སུ”ངོས་འཛིན་བྱས་ཡོད། ནས་ནག་ནི་ལྷུན་རྩེ་རྫོང་གི“ནག་པོ་བཞིའི”ཁྱད་ལྡན་ཐོན་ལས་གཅིག་གྲས་ཡིན་པའི་ཆ་ནས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ར་སྤྲོད་དང་ལྷུན་རྩེ་རྫོང་གི་སྤྱི་གནོད་མེད་པའི་ནས་གནག ཚོང་ཟོག་གི་ཤད་ཨང་དཔང་ཡིག་ར་སྤྲོད། ལྷུན་རྩེའི་ནས་ནག་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་། ལྷུན་རྩེའི་ནས་ནག་རྩམ་པ་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་། ལྷུན་རྩེའི་ནས་ནག་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོ་འགོད་བཅས་ཀྱི་མཚན་སྙན་ཐོབ་ཡོད།

        ཉེ་བའི་ལོ་འགའི་རིང་། ལྷུན་རྩེ་རྫོང་གིས“ཞིང་ལས་ཕན་འབྲས་ཆེ་རུ་གཏོང་བ་དང་རོང་འབྲོག་པའི་ཡོང་འབབ་འཕར་བ”རྩ་དོན་དུ་བཟུང་ནས་མུ་མཐུད་དུ་ཞིང་ལས་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཞིང་ལས་ཕྱོགས་བསྡུས་གསར་འབྱེད་ཚན་རྩལ་དཔེ་སྟོན་ཁྱབ་སྤེལ་ལས་གཞི་ལག་བསྟར། ཟུར་སྣོན་རིན་ཐང་ཅུང་མཐོ་བའི་ནས་ནག་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བཅས་བཏང་སྟེ། ནས་ནག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི1.3ནས་མུའུ་ཁྲི3.3བར་ཇེ་མང་དུ་བཏང་ཡོད་པ་དང་། མུའུ་རེའི་ཐོན་ཚད་རྒྱ་མ་490ནས་རྒྱ་མ650བར་ཇེ་མཐོར་ཕྱིན་ནས་ལོའི་ཆ་སྙོམས་ཐོན་ཚད་ཏུན9420ལ་སླེབས་ཡོད་ཅིང་། ནས་ཀྱི་ཐོན་རྫས་ལས་སྣོན་ཐད་མ་བཅོས་རྒྱུ་ཆ་འདང་ངེས་མཁོ་འདོན་བྱས་ཡོད། །





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1