འདི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་རྐང་རྩེད་སྤོ་ལོའི་རུ་ཁག(གོས་སྔོན་པོ)དང་རུང་ཅང་རྫོང་གྲོང་ཚོའི་རིམ་འདས་མཉམ་འབྲེལ་རུ་ཁག་གིས་འགྲན་བསྡུར་བྱེད་བཞིན་པ་ཡིན།
ཟླ་6ཚེས་23ཉིན་གྱི་དགོང་མོར་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མིའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་རུང་ཅང་རྫོང་ཁྲེང་པེ་ཁུལ་གསར་རྐང་རྩེད་སྤོ་ལོའི་ཐང་དུ་སྤེལ་བའི“རུང་ཅང་རྫོང(སན་པའོ་ཏུང་གྲོང་)དང་མཛེས་པའི་ཞིང་གྲོང་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་བསྡུར་ཁྲོད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་རྐང་རྩེད་སྤོ་ལོའི་རུ་ཁག་དང་རུང་ཅང་རྫོང་གྲོང་ཚོའི་རིམ་འདས་མཉམ་འབྲེལ་རུ་ཁག་གིས་འགྲན་བསྡུར་བྱས་ཤིང་། མང་ཚོགས་ཁྲི་ལྷག་འགྲན་བསྡུར་ལ་ལྟད་མོ་བལྟས། མཇུག་མཐར། རུ་ཁག་གཉིས་2:2ཀྱི་མཇུག་འབྲས་ལས་མཉམ་པར་གྱུར།
འདི་ནི་འགྲན་བསྡུར་མ་བྱས་གོང་རྒྱལ་ཁབ་རྐང་རྩེད་སྤོ་ལོའི་རུ་ཁག་གི་དེ་སྔོན་ལུས་རྩལ་པ་ཧྥན་ཀྲི་དབྱི་(དཀྱིལ) རུང་ཅང་རྫོང་གྲོང་ཚོའི་རིམ་འདས་མཉམ་འབྲེལ་རུ་ཁ་དང་པར་རྒྱག་བཞིན་པ་ཡིན།
ལྟད་མོ་བ་མང་པོ་བཀུག་ཡོད།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་རྐང་རྩེད་སྤོ་ལོའི་རུ་ཁག་དང་རུང་ཅང་རྫོང་གྲོང་ཚོའི་རིམ་འདས་མཉམ་འབྲེལ་རུ་ཁག (གོས་དཀར་པོ)གིས་འགྲན་བསྡུར་བྱེད་བཞིན་པ།
འགྲན་བསྡུར་བར་གསེང་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གེ་སར་རྐང་རྩེད་སྤོ་ལོའི་རུ་ཁག་གིས་སྐོར་བྲོ་འཁྲབ་བཞིན་པ།