རྒྱལ་ཁབ་འདིས་རྩ་འཛུགས་འདིའི་ནང་ཞུགས་རྒྱུའི་རེ་ཞུ་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-03


        ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་29ཉིན། ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མེ་ལའེ་སི་ཨ་ལའེ་མུའུ་ཡིས། རྒྱལ་ཁབ་དེས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་ནང་དངོས་སུ་ཞུགས་རྒྱུའི་རེ་ཞུ་བྱས་ཡོད་ཅེས་བཤད།

        2023ལོའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་དེ་ཟླ་8པར་ཨ་ཧྥེ་རི་ཁ་ལྷོ་མའི་ཡུའེ་ཧན་ནེ་སི་པའོ་རུ་འཚོག་རྒྱུ་རེད།

        ཤེས་གསལ་ལྟར་ན། ཉེ་ཆར་ཞུགས་རྒྱུའི་རེ་འདུན་ཞུ་མཁན་ད་དུང་བྷང་ག་ལ་དང་། ཨེ་ཅིབ། དབྱི་རན། ཨ་ཀེན་ཐིན། མོ་ཞི་ཁོ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ནི་ཀྲེ་རི་ཡ་སོགས་རྒྱལ་ཁབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1