ཟླ7པའི་ཚེས6ཉིན་གྱི་ཉིན་གུང་དུས་ཚོད11ཐོག རྔ་བ་ཁུལ་མཛོད་དགེའི་རྨ་ཁུགས་དང་པོའི་མཛེས་ལྗོངས་སུ། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱིས་གཙོ་འགན་ཁུར་ཞིང་། སི་ཁྲོན་ཞིང་ཆེན་གློག་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་དང་སི་ཁྲོན་གསེར་གྱི་དོམ་ཁྲ་འཕྲིན་སྦྱོར་གསར་བའི་ཚད་ཡོད་ཀུང་སི་གཉིས་ཀྱིས་སྒྲུབ་འགན་ཁུར་བ། སི་ཁྲོན་ལྟ་ཞིབ་དང་སི་ཁྲོན་ཞིང་ཆེན་བརྙན་འཕྲིན་སྒྱུ་རྩལ་བའི་མཐུན་ཚོགས་གྱི་སྙན་སྒྲོན་མདོ་འཛིན་ཆེད་མཁས་ཨུ་ལྷན། སི་ཁྲོན་ཞིང་ཆེན་བརྙན་འཕྲིན་སྒྱུ་རྩལ་བའི་མཐུན་ཚོགས་ཀྱི་རིག་རྩལ་གསར་བའི་ཚན་ཁག་གི་ཆེད་མཁས་ཨུ་ལྷན་གཉིས་ཀྱིས་རམ་འདེགས་སྒོས། སི་ཁྲོན་གྱི་རྫོང་རིམ་པའི་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཞིང་ཆེན་རིམ་པའི་ལག་རྩལ་སྟེགས་བུས་ལག་རྩལ་འདོན་སྤྲོད་བྱས་ཏེ། སེམས་ཁོང་གི་རྨ་ཆུའི་བཞུར་རྒྱུན་ཞེས་པའི་སི་ཁྲོན་སྙན་སྒྲོན་པའི་ཁོར་སྲུང་སྤྱི་ཕན་བྱེད་སྒོ་བདེ་བླག་ངང་སྤེལ།
ཐེངས་འདིའི་བྱེད་སྒོར་སི་ཁྲོན་གྱི་སྙན་སྒྲོན་པ་ཕུལ་བྱུང་ཅན་དང་རྒྱལ་ཡོངས་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན་བཅས་མཉམ་དུ་འཛོམས་ཤིང་། ཞིང་ཆེན་ཕྱི་ནང་གི་འཕྲིན་སྦྱོར་ཐོན་ཁུངས་སྡེབ་སྒྲིལ་སྒོས། ཆ་ཚང་ཞིང་སྟེགས་བུ་མང་བའི་སྒོ་ནས་རྨ་ཆུའི་གནའ་བོའི་དཔལ་ཡོན་གཙིགས་སུ་བཟུང་སྟེ། རྨ་ཆུའི་ཁོར་སྲུང་གི་གསང་བ་རྟོགས་སུ་བཅུག ཐེངས་འདིའི་སྤྱི་ཕན་བྱེད་སྒོའི་ལེ་ཚན་དང་པོར་སྐར་མ90ཡི་ཐད་གཏོང་བྱེད་སྒོ་ཆེན་མོར་སི་ཁྲོན་གྱི་ས་གནས་སོ་སོ་ནས་ཡོང་བའི་ཕུལ་བྱུང་གི་སྙན་སྒྲོན་པ་བཅུ་ཕྲག་གིས་མཉམ་དུ་ལེགས་འགྲུབ་བྱས། ཚང་མས་མཐོ་སྒང་གི་རྫ་དུག་ཁྱད་གསོད་ཀྱིས་ངར་ཤུགས་ཆེན་པོས། མང་མས་ཁོར་སྲུང་བྱ་གཞག་ལ་བཅངས་པའི་དོ་ཁུར་དང་མ་ཡུམ་ཆུ་བོར་བཅངས་པའི་བརྩེ་བ་ངོ་མ་ལེགས་པར་ངོམས།
ཐད་གཏོང་བྱེད་སྒོར་ལེ་ཚན་གསུམ་འདུས་ཤིང་རེ་རེ་དམ་དུ་འབྲེལ་ཞིང་གོ་རིམ་ཀྱག་ཀྱོག་ལྡན་པ་ཞིག་རེད།
བོད་ཀྱི་གླུ་བ་ཆུང་ཆུང་གི་གླུ་སྐད་སྙན་མོས་བྱེད་སྒོའི་མགོ་དངོས་སུ་བརྩམས་ཤིང་། དེ་ནས་བོད་ཀྱི་གླུ་བ་ཌཱ་ཀི་འཚོས་བླངས་པའི་བོད་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞན་སྙན་མོས་ཀུན་གྱི་སྙན་དབང་ཅིག་ཅར་དུ་འཕྲོག དེ་ནས་ཕུལ་བྱུང་གི་སྙན་སྒྲོན་པ་བདུན་མཉམ་རུབ་ཀྱིས་ཁོར་སྲུང་གི་སྐོར་ལ་ཁ་བརྡ་ལྷུར་པོར་གནང་ཞིང་བརྩེ་བས་ཕྱུག མདོ་འཛིན་པ་སུང་ཁྲེན་གྱིས་ཆེད་དུ་སྙན་སྒྲོན་པ་ལྔ་གདན་དྲངས་ཤིང་། ཁོ་ཚོ་ནི་རྨ་ཆུའི་བཞུར་རྒྱུད་ཀྱི་རྫོང་ཁག་བཞི་སྟེ་རྔ་བ་རྫོང་དང་ཧུང་ཡོན་རྫོང་། མཛོད་དགེ་རྫོང་། ཟུང་ཆུ་རྫོང་བཅས་ནས་ཡོང་བ་ཡིན། ཚང་མས་རྩྭ་ཐང་དུ་གར་གྱི་སྟངས་སྟབས་བསྒྱུར་ཏེ། བོད་ཀྱི་ཞབས་བྲོའི་ལམ་ནས་མགྲོན་བདག་གི་ཚབ་བྱས་ཏེ། རྒྱང་རིང་གི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུས།
ཁ་བརྡའི་ལེ་ཚན་ནི་མདོ་འཛིན་པ་ཐེན་ཁྲོན་གྱིས་མགོ་དངོས་སུ་བརྩམས་ཏེ། རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་ལུའུ་ཀྲོའུ་ལའོ་ཅང་སྲོལ་རྒྱུན་བསྙལ་བཟོ་ལག་རྩལ་རྒྱུད་འཛིན་མི་རབས24པ་ཙེང་ན་ཡིས་བཅའ་འདྲི་དང་ལེན་བྱས། རིག་ཁོ་བཟའ་ཟླ་གཉིས་ནི་མཛོད་དགེའི་བརླན་ས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་སྲུང་བ་ཡིན། ཁོ་ཚོས་མདོ་འཛིན་པ་ཚེ་རིང་ལྷ་མོའི་བཅར་འདྲི་དང་ལེན་བྱེད་སྐབས། བོད་སྐད་ཀྱིས་ཁོ་ཚོས་ལོ་བཅུ་ཁའི་རིང་བརླན་ས་དང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་བྱས་པའི་གཏམ་རྒྱུད་བཤད། ཐད་གཏོང་དུ་ཕེབས་པའི་སྐུ་མགྲོན་ཁྲོད་ད་དུང་ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་ཞིབ་འཇུག་ཁང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཀྲུའུ་རེན་གཞོན་པ་སུན་ཀེང་ཡོད་ལ། ཁོ་ནི་ཁོར་སྲུང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཡིན་པའི་ཆ་ནས་མདོ་འཛིན་པ་ཀེ་ཞའོ་ཞ་ཡིས་བཅར་འདྲི་བྱེད་སྐབས། ཕྱོགས་མང་བོ་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་ཁོར་སྲུང་གི་གལ་ཆེན་རང་བཞིན་ལ་དབྱེ་ཞིབ་གནང་། སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཅེ་ཡན་གྱིས་རང་ཉིད་ཀྱི་པར་ལེན་བརྩམས་ཆོས་ཡུལ་དངོས་སུ་ཁྱེར་ནས། མཛེས་སྡུག་གི་ཡུལ་ལྗོངས་པར་རིས་ཀྱིས་རྨ་ཆུའི་ཁོར་སྲུང་གི་ཡུན་རིང་འཕེལ་རྒྱས་ལེགས་པར་མཚོན། ཀྲུའུ་ཧའེ་ཧའོ་དང་ལོ་ཅིན་དབྱི་རྣམ་གཉིས་ཀྱིས་རང་ཉིད་ཀྱིས་མ་ཡུམ་ཆུ་བོར་ཕུལ་བའི་ལེགས་སྐྱེས་ལེགས་པར་ངོམས། བཤད་རིན་ཡོད་པ་ཞིག་ནི་ཀྲུང་གུང་མཛོད་དགེ་རྫོང་ཨུའི་རྒྱུན་ཨུ་རྒྱུན་ལས་རྫོང་དཔོན་གཞོན་པ་ཀྲའོ་ཧྲོའུ་ཁྲུན་གྱིས་མདོ་འཛིན་པ་ཐེན་ཁྲོན་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཚང་མར་མཛོད་དགེ་རྫོང་གིས་རྨ་ཆུའི་བཞུར་རྒྱུད་ཀྱི་ཁོར་སྲུང་ལས་ཀར་འབད་པའི་གནས་ཚུལ་མཚམས་སྦྱོར་གནང་།
ཐད་གཏོང་བྱེད་སྒོ་ཆེན་མོའི་མཇུག་མཐའི་ལེ་ཚན་གཉིས་པ་ནི་ཁོར་སྲུང་གྲོས་འདོན་ཡི་གེ་ཁྱབ་སྒྲོག་དང་ཕུལ་བྱུང་བ་བཅུ་ལ་བྱ་དགའ་སྟེར་རྒྱུ་དེ་ཡིན། ཕུལ་བྱུང་གི་སྙན་སྒྲོན་པ་བཅུ་ཡིས་མིང་རྟགས་བཀོད་པའི་དར་ཆ་མཉམ་ཁུར་གྱིས་སྟེགས་བུར་ཕེབས་ཏེ། ཚང་མར་སི་ཁྲོན་གྱི་ཤར་ཕྱོགས་དང་ནུབ་ཕྱོགས། ལྷོ་ཕྱོགས། བྱང་ཕྱོགས་བཅས་དང་། ཁྲེང་ཏུའུ་ས་ཁུལ་གྱི་ཁོར་སྲུང་སྤྱི་ཕན་གྱི་སྙན་སྒྲོན་པ་རྣམས་ཀྱི་བརྩེ་བ་ཟབ་མོ་ལེགས་པར་མཚོན། མཐོ་སྒང་གི་བཞུར་ཆུའི་བདེན་དཔང་འོག སི་ཁྲོན་ཞིང་ཆེན་བརྙན་འཕྲིན་ལེ་ཚན་གྱི་མདོ་འཛིན་པ་བཟང་བོ་བཅུར་བྱ་དགའ་སྟེར་བའི་མཛད་སྒོ་སྐབས་ལྔ་པ་སྤེལ་བ་དང་། རྔ་བ་ཁུལ་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིས་ལུས་ལ་བོད་གོས་གྱོན་ཏེ། ཕུལ་བྱུང་གི་སྙན་སྒྲོན་པ་རྣམས་ལ་ཁ་བཏགས་ཕུལ་བར་མ་ཟད་ཁས་ལེན་དང་རེ་བ་བཏོན། རྨ་ཆུའི་བཞུར་རྒྱུད་ཀྱི་རྫོང་ཁག་བཞི་ནས་ཡོང་བའི་སྙན་སྒྲོན་པ་རྣམས་ཀྱིས་ཚང་མར་ཐུན་མིན་གྱི་དྲན་རྟེན་བྱ་དགའ་བསྟན། ཐད་གཏོང་བྱེད་སྒོ་ཆེན་མོ་ནི་ཚང་མ་མཉམ་འཛོམས་ཀྱིས་རྨ་ཆུའི་ཁོར་སྲུང་གྲོས་འདོན་ཡི་གེ་གྱེར་འདོན་བྱེད་པའི་སྒོ་ནས་མཇུག་བསྡུས་ཏེ། སྙན་སྒྲོན་པ་དང་སྐུ་མགྲོན་རྣམས་ཀྱི་བརྩེ་བ་ཟབ་མོ་རྨ་ཆུར་བཅངས་ཏེ། མེས་རྒྱལ་རླབས་པོ་ཆེ་ལ་སྐྱེས་སུ་ཕུལ།
ཐེངས་འདིའི་སེམས་ཁོང་གི་རྨ་ཆུའི་བཞུར་རྒྱུན་ཞེས་པའི་སི་ཁྲོན་སྙན་སྒྲོན་པའི་ཁོར་སྲུང་སྤྱི་ཕན་བྱེད་སྒོ་ནི་སྙན་སྒྲོན་པས་ཁོར་སྲུང་གླེང་ཞེས་པའི་བརྗོད་དོན་བྱེད་སྒོ་རྒྱུན་མཐུད་བྱས་པ་ཡིན།
ན་ནིང་སི་ཁྲོན་སྙན་སྒྲོན་པས་ཁོར་སྲུང་གླེང་ཞེས་པའི་སྤྱི་ཕན་བྱེད་སྒོར་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གི་ལྔ་འཆར་བཅུ་གསུམ་པའི་ཇུས་འགོད་ཀྱི་དྲིལ་སྒྲོག་སློབ་གསོའི་རྣམ་གྲངས་ཀྱི་བྱ་དགའ་ཐོབ། རྒྱལ་ཡོངས་ཀྱི་བྱ་དགའ་ཉེར་དགུ་ལས་སི་ཁྲོན་ལ་བྱ་དགའ་འདི་ཐོབ།
སི་ཁྲོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ལུའུ་ཡིས་བཤད་རྒྱུར། ང་ཚོ་སི་ཁྲོན་གྱི་སྙན་སྒྲོན་པས2019ལོ་ནས་བཟུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་གང་མང་སྤེལ། 2000ལོར་གཙང་གསུམ་མགོ་ཁུངས་དང་ཁྲེང་ཡུས་ས་ཆ་གཉིས་ཀྱི་སྙན་སྒྲོན་པས་འབྲི་ཆུའི་སྟོད་རྒྱུད་སྲུང་སྐྱོང་གི་བྱེད་སྒོ་སྤེལ། ང་ཚོའི་སྙན་སྒྲོན་པས་ས་གནས་དེ་གའི་ལེགས་ཆ་སྤྱད་དེ་ཁོར་སྲུང་དྲིལ་སྒྲོག་སྒོས། མི་སྔར་བས་མང་བོ་སྐྱེ་ཁམས་ཁོར་སྲུང་གི་ལས་ལ་ཞུགས་ནས། ང་ཚོ་འཚོ་གཞིས་ཀྱི་སའི་གོ་ལའི་ཁྱིམ་གཞིས་ཇེ་ལེགས་སུ་གཏོང་དགོས་པར་བསྐུལ་ཡོད་ཟེར།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་བའི་ཇུས་ཆེན་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནི་ཐོན་སྐྱེད་ནུས་པར་སྲུང་སྐྱོང་བྱས་པ་ཡིན་པས། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་པ་འཕེལ་རྒྱས་བཏང་བ་ཡིན། སི་ཁྲོན་སྙན་སྒྲོན་པས་མུ་མཐུད་དུ་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་སྐོར་དྲིལ་སྒྲོག་བྱས་ཏེ་གཞོགས་འདེགས་གང་ལེགས་བྱེད་རྒྱུ་རེད།
སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་དང་སི་ཁྲོན་ཞིང་ཆེན་བརྙན་འཕྲིན་སྒྱུ་རྩལ་མཐུན་ཚོགས་ཀྱི་སྙན་སྒྲོན་མདོ་འཛིན་ཆེད་ལས་ཨུ་ལྷན་གྱི་དྲུང་ཡིག་གཞོན་པ་ཞིའུ་པོ་ཡིས་བཤད་རྒྱུར། ད་ལོར་ང་ཚོས་རྨ་ཁུགས་དང་པོ་ནས་མཛེས་ལྗོངས་གར་སྟེགས་སུ་བྱས་པའི་འཁྲབ་སྟོན་ཁང་ཆེ་ཤོས་སུ་སླེབས་པས་ཡིད་དབང་འཕྲོག ང་ཚོ་སྙན་སྒྲོན་པའི་མཐོང་ལམ་དུ་མེས་རྒྱལ་གྱི་རི་ཆུ་ཡོད་ལ། སེམས་ནང་དུ་སྤྱི་ཚོགས་ཀྱི་འོས་འགན་ལེགས་འཁུར་སྒོས། མི་རྣམས་ཁོར་སྲུང་གི་ལས་སྒོར་ཞུགས་པར་སྣེ་ཁྲིད་དེ། ཚང་མས་རང་ཉིད་ནས་མགོ་རྩོམ་པ་དང་བྱ་བ་ཆུང་ངུ་ནས་མགོ་བརྩམས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་འབད་པར་འབོད་སྐུལ་བཏང་བ་ཡིན་ཟེར།
ཀྲུང་གོ་ཚན་རིག་གླིང་ཁྲེང་ཏུའུ་ཞིབ་འཇུག་ཁང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་མ་ལག་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཀྲུའུ་རེན་གཞོན་པ་སུན་ཀེང་གིས་བཤད་རྒྱུར། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་ལ་སྲིད་གཞུང་སྡེ་ཁག་གི་ཆེད་ལས་མི་སྣ་དང་ཆེད་མཁས་པ་ཞུགས་དགོས་པར་མ་ཟད། མང་ཚོགས་དང་བྱིས་པ་ཚོ་ཡང་ལས་དེར་ཞུགས་དགོས། ཐེངས་འདིའི་རྨ་ཆུའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་སྙན་སྒྲོན་པས་དྲིལ་སྒྲོག་བྱས་པ་བརྒྱུད། མི་མང་བོ་རང་འགུལ་གྱིས་རྨ་ཆུའི་སྤྱི་ཕན་བྱེད་སྒོར་ཞུགས་སུ་བཅུག་ཡོད་ཟེར།