ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 07-07


ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།

ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པར་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས་པའི་ནན་བཤད་གནང་བ།


ཟླ་7ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་འབྲེལ། 《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་4ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་འབྲེལ། 《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་ཡང་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ལོ་10ཡི་གོང་དུ། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་དམིགས་ཏེ་ངས་མིའི་རིགས་འཚོ་བ་གཅིག་ཏུ་སྐྱེལ་སའི་སའི་གོ་ལའི་གྲོང་ཚོ་དེ་གཅིག་ལ་གཅིག་འབྲེལ་དང་ཕན་ཚུན་མཉམ་འདྲེས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཏུ་དེ་བས་འགྱུར་བཞིན་ཡོད་ཅེས་བཏོན་ཡོད། ལོ་10ཡི་རིང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ནས་འདུ་ཤེས་ནས་བྱ་སྤྱོད་ལ་འགྱུར་བ་དང་རེ་འདོད་ནས་དོན་དངོས་སུ་འགྱུར་བཞིན་ཡོད། བརྒྱུད་རིམ་འདིའི་ནང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་དང“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་ཡོད། ང་ཚོས་ཕན་ཚུན་ལྟ་སྐྱོང་དང་ཕྱར་བ་གྲུ་འདེགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པར་བརྟེན་རང་སོ་སོའི་འཕེལ་རྒྱས་དར་རྒྱས་ལམ་བུའི་ཐོག་གི་བློས་འགེལ་ཆོག་པའི་རོགས་ཟླར་གྱུར་ཡོད། ང་ཚོས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་ལེན་བསྟར་ནས། ཕྱོགས་ཁག་གི་ལུགས་མཐུན་དང་བདེ་འཇགས་ཀྱི་དོ་ཁུར་བྱེད་སར་ལྟ་རྟོག་དང་། རིགས་ཁག་གི་སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་འགྲན་སློང་ལ་སྤྱི་འདོམས་ཐོག་ཁ་གཏད་བཅག་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཡོད། ང་ཚོས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ས་ཁོངས་ཀྱི་མཉམ་ལས་གྲོས་འགོ་དང་འབྲེལ་མཐུད་བྱས་ཏེ་རྒྱལ་ཁབ་ཁག་གི་དཔལ་འབྱོར་མཐུན་སྦྱོར་དང་། མཉམ་འགུལ། འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ཡོད། ང་ཚོས་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་སྙིང་སྟོབས་རྒྱུན་འཛིན་དང་། ཤེས་དཔལ་དང་། འདྲ་མཉམ། མིག་ལྟོས། སྐད་ཆ་ཤོད་རེས། བསྟུན་མཁས་བཅས་མཐའ་འཁྱོངས་བྱས་ཏེ་ཤེས་དཔལ་མི་འདྲ་བ་ཞི་བདེ་མཉམ་གནས་དང་འཆམ་མཐུན་མཉམ་གནས་ཡོང་བ་བྱས་ཡོད། ང་ཚོས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་བཙན་དབང་དང་དྲག་ཐབས་བཙན་བརྙས་བྱེད་སྤྱོད་ལ་ངོ་རྒོལ་བྱས་ནས་སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་མཉམ་རོགས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པའི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་གི་ཡར་ཐོན་གྱི་སྟོབས་ཤུགས་སྟོབས་ཆེར་བཏང་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་ཀྱི་འཛམ་གླིང་འདི་ཉིད་འགྱུར་ལྡོག་དང་ཟང་ཟིང་ཁྲོད་གནས་པ་དང་ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྱུར་བ་འགྲོ་བཞིན་ཡོད་ལ།

        མིའི་རིགས་ཀྱི་སྤྱི་ཚོགས་ལའང་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། མཐུན་སྒྲིལ་ལམ་ཡང་ན་ཁ་ཕྲལ་དང་། ཞི་བདེའམ་ཡང་ན་གདོང་ཐུག མཉམ་ལས་སམ་ཡང་ན་འགོག་རྒོལ་བཅས་ཚང་མ་སླར་ཡང་དུས་རབས་ཀྱི་དྲི་གཞིར་གྱུར་ཡོད། ངའི་ལན་ནི། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་འདུན་ནི་ང་ཚོས་དོན་གཉེར་བྱེད་པའི་བྱ་བ་ཡིན་ལ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་འགོག་ཐབས་མེད། ང་ཚོས་དུས་རབས་ཀྱིས་དཀྲིས་པའི་ལས་འགན་ལྕི་པོ་ཕྲག་ཏུ་ཁུར་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱ་ཆེད་གཏན་འཁེལ་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་དགོས།

        གཅིག ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱས་ནས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། ང་ཚོས་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་། འགན་འཁྲི་དང་འོས་འགན་འཁུར་བ། འགོག་རྐྱེན་སྣ་ཚོགས་སེལ་བ་བཅས་བྱས་ཚེ། ཁོངས་མིའི་རྒྱལ་ཁབ་ཁག་གི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་དང་མངོན་འགྱུར་ཡག་པོ་ཐུབ་ངེས་ཡིན་པ་དོན་དངོས་ལས་ར་འཕྲོད་ཐུབ་ཡོད། འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྐད་ཆ་ཤོད་རེས་ལ་བརྟེན་ནས་འགལ་ཟླ་སེལ་བ་དང་མཉམ་ལས་ཀྱིས་འགྲན་རྩོད་ཀྱི་ཚབ་བྱེད་པ་དར་སྤེལ་གཏོང་བ་དང་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་ཏན་ཏིག་བྱས་ནས་ཕན་ཚུན་དབར་གྱི་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས།

        གཉིས། ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་བྱས་ནས་ཐུན་མོང་གི་བདེ་འཇགས་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དོན་འཁྱོལ་བྱས་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་རྒྱལ་ཁབ་དབར་གྱི་འགལ་ཟླ་སེལ་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལ་བརྟེན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་སྟེ་ས་ཁུལ་གྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་འདོད་ཡོད།

        གསུམ། དངོས་གཉེར་མཉམ་ལས་ལ་དམིགས་ཏེ་དཔལ་འབྱོར་མགྱོགས་མྱུར་སླར་གསོ་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས། སྲུང་སྐྱོང་རིང་ལུགས་དང་། ཕྱོགས་རྐྱང་པའི་བཀག་སྡོམ། རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་དེའི་ཁྱབ་མཚམས་གང་བྱུང་དུ་རྒྱ་སྐྱེད་བཅས་ལ་ངོ་རྒོལ། “འགོག་ར་རྩིག་པ”དང“འབྲེལ་གཅོད་ཕྲེང་གཏུབ”ལ་ངོ་རྒོལ། གཉིས་ཁེ་མཉམ་ལས་ཀྱི་བྱ་བ་བཟང་པོ་མུ་མཐུད་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་གཞུང་དྲང་ངང་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས།

        བཞི། སྤེལ་རེས་དང་མིག་ལྟོས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་དོན་འཁྱོལ་བྱས་ནས་ཤེས་དཔལ་མི་འདྲ་བ་བསྟུན་མཁས་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་གི་མི་དམངས་དབར་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། སློབ་གསོ་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་དགོས།

        ལྔ། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲོག་ཤིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བའི་ཐུན་མོང་འབད་བརྩོན་ཁྲོད་མིའི་རིགས་ཀྱི་སྤྱི་ཚོགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་དགོས།

        ཚོགས་ཞུགས་འགོ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། དབྱི་རན“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོར”དངོས་སུ་ཞུགས་པར་དགའ་བསུ་ཞུས་པ་མ་ཟད། བྷེ་ཨུ་རུ་སུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཞུགས་པའི་བརྒྱུད་རིམ་གང་མགྱོགས་ལེགས་སྒྲུབ་ཡོང་བའི་རེ་སྒུག་ཀྱང་བྱས་པ་རེད། ཕྱོགས་ཁག་གིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཟམ་མི་ཆད་པར་སྟོབས་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ། ས་ཁུལ་དང་འཛམ་གླིང་ཡུན་རིང་ཞི་བདེ་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ནས་ཕན་ཚུན་ཡིད་ཆེས་དང་། འདྲ་མཉམ་གླེང་མོལ། གཉིས་ཁེ་མཉམ་ལས་བཅས་ཀྱི་དཔེ་མཚོན་དུ་གྱུར་ཡོད། “ཧྲང་ཧའེ་ཡི་སྙིང་སྟོབས”སྔར་བས་དར་སྤེལ་གཏོང་བ་དང་། ཕན་ཚུན་བསམ་ཤེས་དང་མཉམ་ལས་ཟབ་ཏུ་གཏོང་བ། ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགྲན་རྒོལ་ལ་ངོ་རྒོལ། ཁ་ཕྲལ་དང་མཐོང་ཆུང་ལ་ངོ་རྒོལ་བཅས་བྱེད་དགོས། ས་ཁུལ་གྱི་མཉམ་སྦྲེལ་མཉམ་མཐུད་དང་སྦྲེལ་མཐུད་བགྲོད་ལམ་སྐྲུན་པར་ཤུགས་སྣོན་རྒྱག་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྱོང་དང་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར། དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ནུས་རྒྱུ། ཚན་རྩལ། ཁོར་ཡུག་སྲུང་སྐྱོང་། གྲངས་འཛིན་དཔལ་འབྱོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་འབྲུ་རིགས་དང་ནུས་རྒྱུའི་ཉམས་ཉེན་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས། ཐུན་མོང་ཐོག་འཇིགས་སྐུལ་རིང་ལུགས་སོགས“ངན་ཤུགས་གསུམ”ལ་རྡུང་རྡེག་བཏང་ནས་ས་ཁུལ་གྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་ངོ་མ་རྒྱུན་འཛིན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་ནུས་པ་འདོན་སྤེལ་ལ་རྒྱབ་སྐྱོར་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

ཟླ་7ཚེས་4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་པ་དང་འབྲེལ། 《ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མཐུན་སྒྲིལ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བ་བྱེད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1