༄༅།།ཐང་སྨད་ཀྱི་གནས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-20


        ཐང་སྨད་གནས་རི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱག་ཕྲེང་རྫོང་མཁར་ནས་སྤྱི་ལེ་150ཙམ་གྱིས་རྒྱང་བའི་སྒྲོ་འདོག་ཤང་ལུང་སྟོད་ས་ཁུལ་གྱི་ཐང་སྨད་གྲོང་ཚོའི་ཉེ་འདབས་སུ་ཆགས་ཡོད།

        གནས་རིའི་མདུན་ཕྱོགས་སུ་སྒོ་ཆེན་ལྟ་བུའི་ཕྱོགས་གཉིས་སུ་གྱེན་དུ་ལངས་པའི་རི་ཆུང་ཆུང་གཉིས་ཡོད་པ་དེ་ནི་གནས་བདག་ཨ་མེས་འོད་ཟེར་དང་ཁྲི་ཅན་བྱ་ཁྱུང་གཉིས་ཀྱི་བཞུགས་གནས་སུ་འདོད་དོ།  །

       སྒོ་ཆེན་ལྟ་བུ་དེ་བརྒྱུད་ནས་ནང་ལ་སོང་ཚེ་ཆུ་སྲིན་གྱི་མགོ་དང་འདྲ་བའི་གནས་རིའི་མདུན་ཕྱོགས་སུ་སླེབས་ལ་དེའི་གཡས་ཕྱོགས་སྐོར་ན་རྡོ་ཕ་བོང་ཞིག་གི་འོག་ཏུ་གཞོང་པ་ལྟ་བུ་ཞིག་གི་བུག་ལྟ་བུ་ཞིག་རི་རྒྱབ་ཏུ་བུད་འདུག    ཡར་ཅུང་ཙམ་སོང་རྗེས་བྲག་མཆུ་ཞིག་གི་སྟེང་ནས་ཤིན་ཏུ་བསིལ་ལ་དྭངས་བའི་ཆུ་མིག་ཅིག་ཡོད།དེ་ནི་ཕག་མོ་གྲུབ་པའི་སྒྲུབ་ཆུ་ཡིན།འོག་ཏུ་ཚ་ཆུ་ཞིག་ཡོད་པ་དེར་རླུང་མཁྲིས་པད་ཀན་སོགས་ལ་ཕན་པར་གྲགས།གནས་རི་གཡོན་ཕྱོགས་སུ་ཕག་མོ་གྲུབ་པའི་སྒྲུབ་ཕུག་ཡོད་ལ།

      སྔོན་ཆད་ལྷ་ས་ནས་གདན་དྲངས་བའི་ཨོ་རྒྱན་རིན་པོ་ཆེའི་དང་མི་ལ་རས་པ།གནས་བརྟན་ཀརྨ་པ། ཕག་མོ་གྲུབ་པ་སོགས་ཀྱི་འདྲ་སྐུ་བཅས་ཡོད་དེ་ཕྱིས་སུ་གཏོར་བརླག་བྱས།ད་ལྟ་རྗེ་སྐུ་ཞིག་ལས་ལྷག་མེད།ད་དུང་མཁའ་འགྲོའི་ཡང་སྲིད་ཀྱི་སྤྲུལ་སྐུ་དབང་འདུས་ལོ་བདུན་བརྒྱད་ཙམ་འཚམས་ལ་བཞུགས་མྱོང་བས་ཁོང་གི་ཕྱག་བྲིས་དང་ཁ་འདོན་ཡིག་ཆ་སོགས་མདའ་ཚད་མ་པོད་གཅིག་དང་མགོ་ཚད་མ་པོད་གསུམ་སྡེ་མི་རྒན་པོ་ཞིག་གིས་སྒྲུབ་ཕུག་ཏུ་ཉར་ཚགས་བྱས་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1