སྤྱི་ཟླ7པའི་ཚེས20ཉིན། ཐེ་བོ་གྲོང་རྡལ་དུང་མགོ་སྡེ་བའི་ཏང་ཀྲི་པུ་ཧྲུའུ་ཅི་དགེ་བཀྲ་ཡིས་སྡེ་བའི་མུའུ་བརྒྱ་ཅན་གྱི་ནས་ཞིང་ལ་ལྟ་བཞིན་བཤད་རྒྱུར། འདི་ནི་ལོ་ངོ30ལྷག་གི་རིང་ནས་ལ་ལོ་ལེགས་བྱུང་ཐེངས་གཉིས་པ་ཡིན། ད་ལོ་ང་ཚོའི་ནས་ཀྱི་ཐོན་འབབ་ལེགས་པོ་ཡོང་ངེས་རེད།
ཐེ་བོ་གྲོང་རྡལ་དུང་མགོ་སྡེ་བའི་ནས་འདེབས་འཛུགས་རྟེན་གཞིར་ཡུལ་མི་ཚོས་ནས་བརྔ་བཞིན《ལོ་ལེགས་ཀྱི་གླུ་དབྱངས》བླངས། ནས་ཞིང་གྲུ་བཞིར་ལོ་ལེགས་བྱུང་བས་དགའ་སྤྲོའི་རྣམ་པས་ཁེངས། ནས་འབྲུ་འདི་དག་གིས་ཐེ་བོ་གྲོང་རྡལ་གྱི་ནས་ཞིང་གསེར་མདོག་ཏུ་བསྒྱུར།
ཐེ་བོ་གྲོང་རྡལ་དུང་མགོ་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དགེ་བཀྲས་གསར་འགོད་པར་བཤད་རྒྱུར། ད་ལོ་དུང་མགོ་སྡེ་བས་ནས་མུའུ148བཏབ་ཡོད། འདེབས་འཛུགས་ཀྱི་རྨང་གཞི་ལེགས་ལ་དོ་དམ་དང་སྲུང་སྐྱོང་ཡག་པོ་བྱས་པས་ནས་སྐྱེ་ཚུལ་ལེགས། མུའུ་རེའི་ཐོན་ཚད་རྒྱ་མ400ཙམ་ཐོན་སྐྱེད་བྱེད་ཐུབ། སྤྱིའི་ཐོན་ཚད་རྒྱ་མ་ཁྲི5ལྷག་ཙམ་ཟིན་ཡོད།
དེ་སྔ་ས་གནས་དེ་གའི་མང་ཚོགས་ཚོས་ནས་བརྔོས་ནས་འཐག་རྗེས་རྩམ་པ་བཟོས་ཏེ་ལྟོ་གོས་ཀྱི་དཀའ་ངལ་བསལ་བ་ཙམ་ཡིན། ཉེ་བའི་ལོ་ཤས་རིང་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས། ཞིང་ལས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་གང་ལེགས་བྱས། མཛོད་དགེ་རྫོང་གིས་ཐོན་རྫས་གསར་པ་ལེགས་གཏོད་བྱས་ནས་ད་ཆ་ནས་འབྲུ་རིགས་མི་འདྲ་བ7བཏབ་ཡོད། ནས་ཀྱི་བག་ལེབ་ཡོད་ལ་ནས་ཀྱི་བཏུང་བྱ་ཡོད་པས། སྲོལ་རྒྱུན་གྱི་ནས་འབྲུ་དེ་མང་ཚོགས་ལ་འཛད་སྤྱོད་དུ་མཁོ་འདོན་བྱས་ཏེ། ནས་འབྲུ་ལས་སྣོན་དང་བྲིན་ཚོང་གི་གནད་དོན་ཐག་གཅོད་ནུས་ལྡན་སྒོས་རིན་ཐང་མཐོ་རུ་བཏང་ནས། ནས་ཀྱི་ཐོན་རྫས་རྒྱལ་ཡོངས་སུ་བྲིན་ཚོང་བྱས་ཏེ་ཕྱུག་འགྱུར་འབྲུ་རིགས་སུ་གྱུར་ཡོད།