2023ལོའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམས་ཉིན་རེའི་ཚགས་པར། སྤེལ་དུས། 07-26


 འདི་ནི་ཟླ་7ཚེས་22ཉིན་པར་བླངས་པའི་འབྲི་ཆུའི་གྲུ་བའི་མདའ་ཆུ་བོ་ཡིན་པ།

འདི་ནི་འབྲི་ཆུའི་ཚན་རིག་ཁང་གི་ཆུ་བོ་སུའོ་ཡི་ཚན་རིག་རྟོག་ཞིབ་རུ་མི་ཞུས་ཀྲེ་ཁྲེང(གཡོན)གིས་གྲུ་བའི་མདའ་ཆུ་བོའི་ཆུ་ལམ་གྱི་བྱེ་འདམ་འཚོལ་བསྡུ་བྱེད་བཞིན་པ།

འདི་ནི་ཟླ་7ཚེས་22ཉིན་འབྲི་ཆུའི་ཚན་རིག་ཁང་གི་ས་ཆུ་སྲུང་འཛིན་ཞིབ་འཇུག་སུའོ་ཡི་ཚན་རིག་རྟོག་ཞིབ་རུ་མིས་གྲུ་བའི་མདའ་ཆུ་བོར་སྔོ་ཁེབས་དཔེ་ལེན་བརྟག་དཔྱད་བྱེད་བཞིན་པ།


        2023ལོའི་གཙང་པོའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་མི་ཚེས་22ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་འབྱོར་ནས་འབྲི་ཆུའི་ཆུ་འགོ་ཁུལ་གྱི་གྲུ་བའི་མདའ་ཆུ་བོའི་དུམ་བུར་རིག་ཚན་མང་པོའི་དཔེ་ལེན་ལྟ་ཞིབ་ཚད་ལེན་བྱས་པ་དེ་ཐོག་ནས་2023ལོའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དངོས་སུ་འགོ་ཚུགས་པ་མཚོན་ཡོད་པ་རེད།

        ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་དེ་ཆུ་བེད་པུའི་འབྲི་ཆུ་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་གིས་སྣེ་འཁྲིད་དེ་སྒྲིག་འཛུགས་བྱས་པ་དང་། ཆུ་བེད་པུའི་ཚན་རྩལ་ཁྱབ་གདལ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་སོགས་ཚན་པ་དང་མཉམ་དུ་འབྲི་ཆུའི་ཆུ་འགོ་དང་རྫ་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་ཐོན་ཁུངས་དང་ཆུའི་སྐྱེ་ཁམས་ཁོར་ཡུག་སོགས་ལ་ཚན་རིག་རྟོག་ཞིབ་བྱ་རྒྱུ་ཡིན་པ་དང་། ནང་དོན་དུ་གཙང་པོ་དང་མཚོའི་ཆུ་དཔྱད་དང་། ཆུ་ལམ་གྱི་བྱེ་འདམ། ཆུ་ལམ་གྱི་རྒྱུགས་ཕྱོགས། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས། ཆུའི་ཐོན་ཁུངས། ས་ཆུ་ཤོར་བ། འཁྱགས་རོམ་དང་འཁྱགས་ས་སོགས་ཚུད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1