ཧུང་ཡོན་རྫོང་གིས་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་ནས་རི་བོ་གཉིས་ཀྱི་གཞུང་ལུགས་ལག་ལེན་གྱི་དཔེ་མཚོན་གསར་བ་བཏོད།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 07-27


        ཧུང་ཡོན་ནི་མཚོ་བོད་ས་མཐོའི་ཐོག་གི་མཐོ་སྒང་གི་མུ་ཏིག་ལྟ་བུ་ཞིག་ཡིན་ལ། ད་དུང་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་བར་ཐག་ཉེ་ཤོས་ཀྱི་རང་བྱུང་རྩྭ་ཐང་ཆེན་མོ་ཞིག་ཀྱང་ཡིན་པ་དང་། དུས་མཚུངས་སུ་ཧུང་ཡོན་དུ་རྨ་ཆུ་དང་འབྲི་ཆུའི་ཆུ་རྒྱུད་ཆེན་པོ་གཉིས་ཡོད་པ་ལས་ཧུང་ཡོན་ནི་རྨ་འབྲིའི་སྟོད་རྒྱུད་ཀྱི་ཆུ་མགོ་གལ་ཆེན་དང་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན།

    ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་དྭངས་ཤིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་ནས《མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྲུན་གྱི་འཐབ་ཇུས་འཆར་འགོད་རྩ་གནད》ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཆུ་ཚད་མཐོན་པོའི་སྐྱེ་ཁམས་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ནོར་གནག་རིག་གནས་ལམ་བུའི་སྤུས་རྟགས་ཀྱི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་དེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཚོན་རྟགས་སུ་བརྩིས་ནས་རྒྱུན་མཐུད་དུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་དགེ་མཚན་སྔར་བས་སྔོག་འདོན་བྱེད་པ། རྫོང་ཡོངས་ཀྱི་དམངས་འཚོའི་བདེ་སྐྱིད་སྔར་བས་སྲུང་སྐྱོང་བྱས་ནས་རི་བོ་གཉིས་ཀྱི་གཞུང་ལུགས་ལག་ལེན་གྱི་དཔེ་མཚོན་གསར་བ་ཞིག་བཏོད་ཡོད།


    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྔར་བས་ཤུགས་ཆེན་བྱ་ཆེད། ཧུང་ཡོན་རྫོང་གིས་རྩྭ་ཐང་དང་ནགས་ཚལ། བརླན་ས་དང་མཚོ་མཚེའུ། གངས་རིའི་འཁྱག་རོམ། རི་སྐྱེས་སྲོག་ཆགས། རྩྭ་དང་རྩི་ཤིང་། ནམ་མཁའ་སྔོ་ཞིང་ས་གཞི་གཙང་བ་དང་དྭངས་ཤིང་གཙང་བའི་རི་ཆུ་བཅས་སྲུང་སྐྱོང་བྱ་བའི་བྱ་སྤྱོད་ཏན་ཏིག་གིས་སྤེལ་བ་དང་། བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཧུང་ཡོན་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་ནས་ཕྱུགས་བསྐྱུར་རྩྭ་གསོ་དང་། རྩྭ་ཕྱུགས་དོ་སྙོམས། བྱེ་འགྱུར་བཅོས་སྒྲིག་དང་བརླན་ས་སླར་གསོ་སོགས་སྐྱེ་ཁམས་སྲུང་སྐྱོང་ལས་ཀ་རབ་དང་རིམ་པ་ལག་བསྟར་བྱས་སྟེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    དེ་མིན་ཕྱོགས་ཡོངས་ནས་ཆུ་དཔོན་ནམ་མཚོ་དཔོན་ལམ་ལུགས་དང་། རྩྭ་དཔོན་དང་ནགས་དཔོན་ལམ་ལུགས། ཐ་ན་ཞིང་དཔོན་ལམ་ལུགས་བཅས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། རྫོང་ཡོངས་ཀྱི་སྐྱེ་ཁམས་དམར་ཐིག་མུའུ་ཁྲི་537དང་གཞི་རྩའི་རྩྭ་ཐང་མུའུ་ཁྲི་1004གཏན་འཁེལ་བྱས་པ་དང་། རྫོང་ཡོངས་སུ་ནགས་ཚལ་དང་རྩྭ་ཐང་། བརླན་ས། ཆུ་ལམ་བཅས་ཀྱི་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་1200ལྷག་ཙམ་བཀོད་སྒྲིག་བྱས་ཏེ། དེ་ཚོས་སྐྱེ་ཁམས་ཁོར་ཡུག་དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་བ་དང་འཚོ་བར་འབབ་འཕར་ཡོང་བ་གཉིས་ཕན་ཚུན་གཅིག་གྱུར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་ལས། གཞན་ཧུང་ཡོན་གྱིས་ད་དུང་རྩྭ་ཕྱུགས་དོ་སྙོམས་བྱེད་སྟངས་རྫོང་ཡོངས་སུ་ཁྱབ་གདལ་ཤུགས་ཆེན་བཏང་ནས་རྩྭ་ཐང་མུའུ་ཁྲི་476ལ་ཕྱུགས་བཀག་དང་། རྩྭ་ཕྱུགས་དོ་སྙོམས་མུའུ་ཁྲི་643ཡོང་བ་བྱས་པས་རྩྭ་ཐང་གི་སྔོ་ཁེབས་ཕྱོགས་བསྡུས་ཁྱབ་ཚད་86.2%ཟིན་པ་དང་མཛེས་སྡུག་ལྡན་པའི་རྩྭ་ཐང་ཆེན་མོ་དེ་བས་ཡོད་དུ་འོང་བ་ཞིག་ཏུ་གྱུར་ཡོད།


    ཧུང་ཡོན་གྱིས་ད་དུང་རི་ཆུའི་རྣམ་གྲངས་དག་ནུས་ལྡན་ངང་ལག་བསྟར་བྱས་ནས་རྩྭ་ཐང་གི་ནགས་ཚལ་སྔོ་ཁེབས་སླར་གསོ་བྱ་བ་དང་། ཆུ་ལམ་འགྲམ་རྒྱུད་སྲུང་སྐྱོང་བྱ་བ། ཆུའི་ཁོར་ཡུག་སྤུས་ཚད་མཐོར་གཏོང་བྱ་བ་དང་། ཆུ་ཁུངས་གསོ་ནུས་ཆེར་གཏོང་བྱ་བ་བཅས་ཀྱི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཆེད་ལས་འཛིན་གྲྭ་བཙུགས་ནས་སྐུལ་འདེད་གཏོང་བ་དང་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱེད་པ། གཟའ་འཁོར་རེར་བཀོད་གཏོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། མིག་སྔའི་བར་ཧུང་ཡོན་རྫོང་ཡོངས་ཀྱིས་རི་ཆུའི་རྣམ་གྲངས་46ལག་བསྟར་བྱ་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་14.5བཏང་། རྫོང་ཡོངས་སུ་ཆུ་རགས་སྤྱི་ལེ་37དང་སྐྱེ་ཁམས་འགོག་སྲུང་ཁུལ་སྤྱི་ལེ་65བསྐྲུན་ཟིན་པ་དང་། ཆུ་ལམ་སྤྱི་ལེ་43ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་ད་དུང་བེད་མེད་གཏེར་ཁ་སྔོག་འདོན་ས་ཚིགས་170ལྷག་ཙམ་བཅོས་སྒྲིག་ཉམས་གསོ་བྱས་ཡོད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཤུགས་ཆེན་བྱེད་པ་དང་། རི་ཆུའི་ལས་ཀ་ལག་བསྟར་ནུས་ལྡན་བྱེད་པ། ས་ཁོངས་ཧྲིལ་པོར་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བསྐྲུན་པ་སོགས་ཧུང་ཡོན་རྫོང་གི་སྐྱེ་ཁམས་ལེགས་སུ་གཏོང་བའི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པའི་ཐོག་ནས་ཧུང་ཡོན་རྫོང་གིས་རང་འགུལ་ངང་རྨ་འབྲིའི་སྟོད་རྒྱུད་ཀྱི་ཆུ་མགོ་དང་སྐྱེ་ཁམས་སྲུང་སྐྱོང་བྱ་བའི་འགན་འཁྲི་དང་དུ་བླངས་ནས་ཁོར་ཡུག་སྲུང་སྐྱོང་ཐད་ནུས་ཤུགས་ཡོད་རྒུ་བཏོན་ཏེ་སྐྱེ་ཁམས་རྒྱུ་ནོར་དེ་བས་མང་བ་གསོག་འཇོག་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་འཕེལ་བར་སྐུལ་འདེད་གཏོང་བཞིན་ཡོད་པ་མཐོང་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1