ས་ཆ་འདི་ནས་དྲེད་མོ11མཉམ་དུ་པར་བླངས་འདུག

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-01


     མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཡུལ་མིས་ཟས་འཚོལ་བཞིན་པའི་དྲེད་མོ་ཆེ་ཆུང་11གི་པར་བླངས་འདུག རྨ་སྟོད་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། ལེ་དབར་ཁྲི་ཡི་རྨ་ཆུ་རྒྱུག་ཁུལ་གྱི་རྫོང་དང་པོ་དེ་ཡིན་པས། “རྨ་ཆུའི་ཆུ་འགོ་དང་མཚེའུ་སྟོང་གི་རྫོང་”ཞེས་བརྗོད་སྲོལ་ཡོད། ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པ་དང་གསོ་རླུང་འདུས་ཚད་17%ལས་ཟིན་གྱི་མེད། རྨ་སྟོད་རྫོང་ནི་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་ནས་པ་དང་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་ཡོལ་གལ་ཆེན་ཞིག་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1