༄༅།།མང་ཚོགས་དང་གློ་བ་ཉེ་བའི་ཏང་གི་ལོ་རྒྱུས་སྒྲོག་བཤད་པ་ཞིག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 08-07


ཟླ4པའི་ཚེས20ཉིན། བསིལ་རླུང་དལ་བུར་ལྡང་། མེ་ཏོག་གི་གང་བུ་འཛུམ། དཔྱིད་དཔལ་བུ་མོ་དལ་བ་དལ་བུར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོད་ཁ་གྲོང་རྡལ་དུ་སླེབས་བྱུང་།

མཛེས་སྡུག་གི་ཧོད་ཁ་རྩྭ་ཐང་དུ། ཧོད་ཁ་གྲོང་རྡལ་གྱི་བདེ་སྐྱིད་སྡེ་བ་དང་ཧུང་ཆི་སྡེ་བ། ཧྲང་ཡིའུ་སྡེ་བ། ཏེང་ཐ་སྡེ་བ་བཅས་ཀྱི་མཐའ་འཁོར་གྱི་སྡེ་བ་འགའི་སྡེ་མི་རྣམས་རྩྭ་ཐང་དུ་ཙོག་པུར་བསྡད་དེ། ཞིན་ཧེ་རྫོང་གི་མང་ཚོགས་སྒྲོག་བཤད་ཚོགས་པའི་ཚོགས་གཙོ་གཞོན་པའམ་རྫོང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་གཡང་ཕྱུག་ཚེ་རིང་གི་མཐའ་བསྐོར་ནས་འདུག

“‘རང་སྲོག་བློས་གཏོང་བའི་དཔའ་སྤོབས་དང་ལྡན་ན་ད་གཟོད་ཉི་ཟླའི་རྒྱུ་ལམ་བརྗེ་ཐུབ་པ’ཡི་གསར་བརྗེ་སྔོན་གཤེགས་དཔའ་བོ་ཚོ་མེད་ཚེ། རྒྱལ་སྲིད་བརྟན་པའི་རྒྱལ་ཁབ་ཅིག་གང་ན་ཡོད། བཅོས་བསྒྱུར་འཕེལ་རྒྱས་ཁྲོད་ཀྱི་མཆོང་སྐྱོད་ཧུར་བརྩོན་གྱི་གསར་སྐྲུན་དང་ལས་རིགས་གསར་གཏོད་ཀྱི་སྔོན་བྱོན་པ་ཚོ་མེད་ཚེ། ཀྲུང་གོའི་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་ཞིག་གང་ན་མཆིས། དབུལ་ཐར་འགག་སྒྲོལ་གྱི་ལས་ཡུལ་དང་པོའི་རང་ནུས་ཅི་ཡོད་འདོན་པའི་སྙིང་སྟོབས་ཤིག་མེད་ཚེ། དབུལ་ཕོངས་རྫོང་དབུལ་ཐར་བྱུང་བའི་གཟི་བརྗིད་ཀྱི་གྲུབ་འབྲས་ཤིག་གང་ན་ཡོད་དམ།”ཞེས་གཡང་ཕྱུག་ཚེ་རིང་གིས་ལྷུག་པོར་བརྗོད་བྱུང་། གསོན་ཉམས་ལྡན་ལ་བབ་ཆགས་པའི་སྐད་ཆས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དཔྱིད་ཀྱི་ཆར་རླུང་ཇི་བཞིན་མི་སེམས་སུ་ངེས་པར་བྱས།གསར་འགོད་པས་ཁོའི་ལག་གི་ཟིན་བྲིས་སྟེང་ནན་ཏན་གྱིས་བཀོད་པའི་དཔྱད་མཆན་མཐོང་བ་ན། ཁོས་ཏང་གི་ལོ་རྒྱུས་སྒྲོག་བཤད་བྱེད་པར་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་པ་ངང་གིས་ཤེས་ཐུབ།

“མང་ཚོགས་སྒྲོག་བཤད་ཚོགས་པ”ཞེས་གླེང་ཚེ། དེ་ནི་གཡང་ཕྱུག་ཚེ་རིང་གིས་བསྐྱངས་པའི་བྱིས་པ་ཞིག་དང་མཚུངས་པར། ཇུས་འགོད་ནས་འཛུགས་སྐྲུན་དང་འཕེལ་རྒྱས་སོགས་ཀྱི་བར་ལ་རྫོང་ཡོངས་སུ་སྙན་གྲགས་ཆུང་ཆུང་ཞིག་རྒྱས་འདུག

གཡང་ཕྱུག་ཚེ་རིང་གིས་བཤད་རྒྱུར། “ང་ཚོས་བརྟག་ཞིབ་བྱས་པ་བརྒྱུད་གསར་དུ་ཉེད་པའི་གནད་དོན་ཞིག་ཡོད་དེ། སྔོན་ཆད་ཀྱི་བཞུགས་མོལ་ཚོགས་འདུ་དང་སྙན་ཞུའི་ཚོགས་འདུ་ལྟ་བུའི་སྒྲོག་བཤད་བྱེད་ཐབས་ནི་སྟབས་བདེ་སྣ་རྐྱང་ཡིན་པ་དང་། སྒྲོག་བཤད་པ་ལ་ལར་གཞུང་ལུགས་ཀྱི་ཆུ་ཚད་མཐོ་ནའང་མང་ཚོགས་ལ་ཁ་གྱེས་འདུག་པས། དེ་སྔོན་གྱི་སྒྲོག་བཤད་ཕན་ནུས་ཧ་ཅང་ཞན”ཟེར། གོང་གི་གནས་ཚུལ་དེ་དག་ལ་ཁ་གཏད་དེ། 2015ལོར། ཞིན་ཧེ་རྫོང་གིས་སྤྱི་བདེ་དང་ཞིབ་བཤེར། ཁྲིམས་ཁང་། སྲིད་འཛིན་བཅས་ཀྱི་ལས་བྱེད་པ་དང་། ཏང་གི་སློབ་གྲྭའི་དགེ་རྒན། ལས་འགན་ཕྱིར་འཐེན་བྱས་པའི་ལས་བྱེད་རྒན་པ། ཏང་ཡོན་རྒན་པ། མང་ཚོགས་བཅས་ཀྱིས་གྲུབ་པའི“མང་ཚོགས་སྒྲོག་བཤད་ཚོགས་པ”ཞིག་ཐོག་མར་རྩ་འཛུགས་བྱས་ལ། གཞི་རིམ་ནས་ཐོན་པའི་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་སྒྲོག་བཤད་པ་ཡང་བསྐྱར་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ་དང་མང་ཚོགས་དང་ཉེ་བར་བཅར་བ། མང་ཚོགས་ཀྱི་སྐད་ཆས་ཏང་གི་སྲིད་ཇུས་སྒྲོག་བཤད་དང་དྲང་ནུས་བརྒྱུད་སྒྲོག་བཅས་བྱེད་ཀྱིན་ཡོད་པ་རེད།

“རྫོང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་སྤེལ་བ་ནས་བཟུང་། ང་ཚོས་སྒྲོག་བཤད་ཀྱི་ནང་དུ་ཏང་གི་ལོ་རྒྱུས་མི་ཉུང་བ་ཞིག་བསྣན་པ་དང་། སྒྲོག་བཤད་ཀྱི་གོ་རིམ་ཁྲོད་དུ། ངས་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ནི་ངེས་སྦྱོང་བསླབ་ཚན་དང་། ‘བཙན་པོའི་འགག་འཕྲང་ལྕགས་རི་ལྟར། འཇིག་རྟེན་མི་ཆོས་འགྱུར་ལྡོག་སླ། རླབས་ཕྲེང་སྔོན་མོ་གཤགས་པའི་དུས་ཤིག་ཡོད’པ་བཅས་ཕྱོགས་བཞི་ནས། ཚང་མའི་སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་བསྐྱར་དྲན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ100རིང་གི་དཀའ་ཚེགས་ཆེ་ཞིང་གཟི་དཔལ་ལྡན་པའི་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེའི་གྲུབ་འབྲས་ལ་ཕྱིར་བལྟ་བྱེད་པ། གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པ་དང་ཡར་ངོའི་ཟླ་ལྟར་འཕེལ་བའི་ལོ་ཟླ་ཚོར་ཤེས་བྱེད་པ་ཡིན། དུས་མཚུངས་སུ། ང་ཚོས་ཉེ་འགྲམ་གྱི་ཕུལ་བྱུང་ཏང་ཡོན་གྱི་དཔེ་བརྗོད་དང་ས་གནས་ཀྱི་གསར་བརྗེའི་གཏམ་རྒྱུད་ཀྱིས་མང་ཚོགས་ཀྱི་བསམ་བློར་བྱབས་ཁྲུས་བྱས་པ་ཡིན། ཁོ་ཚོས་གཅིག་རྗེས་གཉིས་མཐུད་དུ་ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱིས་ང་ཚོར་འཐབ་ལམ་གསར་པར་འབད་པའི་སྙིང་སྟོབས་སྦྱིན་ལ། ང་ཚོར་ལས་སྒྲུབ་གསར་སྐྲུན་གྱི་སྤོབས་པ་ཡང་བསྩལ་བྱུང་ཞེས་བཤད།”

ད་ལོའི་ཚུན་དུ། སྒྲོག་བཤད་ཚོགས་པས་འདི་ལྟ་བུའི་ཏང་གི་ལོ་རྒྱུས་སྒྲོག་བཤད་ཐེངས་བཞི་བཅུ་ལྷག་ལ་སྤེལ་བ་དང་། བདེ་སྐྱིད་སྡེ་བའི་སྡེ་མི་རྟ་བྷོ་ཚང་ལ་མྱོང་ཚོར་ཟབ་མོ་ཐོབ་ཡོད་དེ།“ཚོགས་གཙོ་གཡང་ཕྱུག་ཚེ་རིང་གིས་ཏང་གི་ལོ་རྒྱུས་སྒྲོག་བཤད་བྱས་པ་དེས། ང་ལ་དད་མོས་ནི་ཁུངས་མེད་སྟོང་གཏམ་ཞིག་མིན་པར། སྔར་བས་དངོས་ཡོད་འགུལ་སྐྱོད་ཀྱི་ཐོག་ནས་ལག་ལེན་ཏུ་བསྟར་དགོས་པའི་ཚོར་བ་ཟབ་མོ་བྱིན་སོང་། འབྲོག་ལས་སྡེ་བའི་ཏང་ཡོན་ཞིག་དང་རྩྭ་སྲུང་དོ་དམ་པ་ཞིག་ཡིན་པའི་ཆ་ནས། ངས་སྔར་བས་རང་དཔེ་གཞན་སྟོན་དང་འབད་པ་ལྷུར་ལེན་གྱིས་རྩྭ་སའི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ལས་འགན་བརྟན་སྲུང་གིས་སྐོར་སྲུང་དང་མེ་འགོག་བྱ་བ་ལེགས་པར་སྒྲུབ་ཅིང་། མཛེས་སྡུག་གི་ཞིན་ཧེ་བསྐྲུན་པར་རང་ཉིད་ཀྱིས་སྟོབས་ཤུགས་འབུལ་བ་དང་། སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མིན་པའི་བྱས་རྗེས་ཤིག་འཇོག་རྒྱུ་ཡིན”ཟེར།

དོན་དམ་པར། གཡང་ཕྱུག་ཚེ་རིང་ལ་མཚོན་ན་སྒྲོག་བཤད་བྱེད་པའི་ཁྲོད་ཆེས་ཡིད་འཇོག་བྱེད་ས་ཞིག་ཡོད་པ་ནི“ལྷག་བསམ”ཞེས་པའི་ཡིག་འབྲུ་དེ་གཉིས་རེད། ཁོས་སྒྲོག་བཤད་བྱེད་པ་ནི་བྱ་བའི་ཁྲོད་ཀྱི་གཅིག་ཡིན་ལ། དེ་ལས་ཀྱང་གལ་ཆེ་བ་ནི“ལྷག་བསམ་དཀར་པོས་གྲོགས་སྒྲིག་པ”དང“ལྷག་བསམ་དཀར་པོས་མཛུབ་སྟོན་བྱེད་པ”“ལྷག་བསམ་དཀར་པོས་རོགས་སྐྱོར་བྱེད་པ།”དེ་མིན“ལྷག་བསམ་དཀར་པོས་དཀའ་ངལ་སེལ་བ”བཅས་ཡིན་པར་འདོད་ཡོད། གཡང་ཕྱུག་ཚེ་རིང་གིས་བཤད་རྒྱུར། “ང་ཚོ་ས་གནས་གང་དུ་སོང་ཡང་རང་འགུལ་གྱིས་མང་ཚོགས་ལ་སེམས་གཏད་པ་དང་གྲོགས་བསྒྲིགས་ཏེ། མང་ཚོགས་ཀྱི་དཀའ་ཁག་དང་གནད་དོན་སེམས་ལ་དམ་པོར་བཟུང་ནས།རང་ནུས་གང་ཡོད་ཀྱིས་རོགས་རམ་བྱས་པ་ཡིན། སྒྲོག་བཤད་ཁྲོད་ཕྱོགས་གཅིག་ནས་གོ་སླ་ལ་འཛིན་བདེ་བའི་སྐད་ཆས་གཞུང་ལུགས་དང་སྲིད་ཇུས་འགྲེལ་བཤད་བྱེད་པ་ལས་གཞན། ད་དུང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་གཞས་མ་གཏམ་གྱི་ལེ་ཚན་ཁ་ཤས་རྩོམ་སྒྲིག་བྱས་ཏེ། གཞུང་ལུགས་སྒྲོག་བཤད་སྔར་བས་གསོན་ཉམས་ལྡན་པའི་སྒོ་ནས་མི་སེམས་སུ་ངེས་པར་བྱས་ལ། གཞན་ཡང་། ང་ཚོས་ཞང་དང་གྲོང་རྡལ། སྡེ་བ་དང་ཧྲེ་བཅས་ཀྱི་ལས་བྱེད་པར་ཧུར་ཐག་གིས་བསམ་ཚུལ་བརྗེ་རེས་བྱས་ཏེ། དམངས་ལ་དོན་དངོས་སྒྲུབ་པ་དང་དོན་བཟང་དམིགས་སར་དོན་འཁྱོལ་བྱེད་པ། དེ་མིན་མང་ཚོགས་ཀྱིས་དོན་དག་བསྒྲུབ་པར་ཁྲིམས་བཞིན་སྒྲུབ་པ་དང་ཁྲིམས་བརྩི་སྲུང་བྱ་བར་སློབ་གསོ་དང་སྣེ་ཁྲིད་བྱས་པ་ཡིན”ཟེར།

ཞིན་ཧེ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་མ་ཧའེ་ཧྲན་གྱིས་བཤད་རྒྱུར། གཡང་ཕྱུག་ཚེ་རིང་གིས་སྣེ་ཁྲིད་པའི་ཚོགས་མི་རྣམས་ཞིན་ཧེ་ཡི་རི་ཆུ་མང་པོ་བརྒལ་བ་དང་གྲུ་ཟུར་རེ་རེར་སོང་ཞིང་། ཏང་གི་གསར་སྐྲུན་གཞུང་ལུགས་དེ་རང་ཉིད་ཀྱི་སེམས་སྒྲ་བརྒྱུད་ནས་གཞི་རིམ་གྱི་མང་ཚོགས་ཁྲོད་བརྒྱུད་སྒྲོག་བྱས་ཤིང་། ཏང་ཡོན་ཞིག་གི་བྱས་རྗེས་དང་འགན་འཁུར་སྙིང་སྟོབས་ཕྱིར་མངོན་པ་རེད་ཟེར། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1