《རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞི(2023ལོའི་དཔར་མ)》ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-15


     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་མཉམ་དུ《རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞི(2023ལོའི་དཔར་མ)》(གཤམ་དུ《རྒྱལ་ཁབ་ཀྱི་ཚད་གཞི་2023ལོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

     རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞི་ནི་དམངས་འཚོ་འགན་སྲུང་བྱེད་པའི་མཐའ་ཚད་ཀྱི་ཚད་གཞི་ཞིག་དང་ཁྱབ་ཁོངས་ཁག་གི་དམངས་འཚོའི་མཐའ་ཚད་ཀྱི་ཕྱོགས་བསྡུས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རྒྱལ་ཁབ་དང་། ལས་རིགས། ས་གནས། གཞི་རིམ་བཅས་ཀྱི་ཞབས་འདེགས་ལས་ཁུངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞིའི་ལམ་ལུགས་ཀྱི་སྒྲོམ་གཞི་བཟོས་པ་དང་གཞི་རྩའི་སྤྱི་པའི་ཞབས་འདེགས་རྣམ་གྲངས་ཁག་80གཞི་རྩའི་ཆ་ནས་དོན་འཁྱོལ་བྱུང་ནས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་བཏོན་ཡོད།

     《རྒྱལ་ཁབ་ཀྱི་ཚད་གཞི་2023ལོ》ནི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞིའི་ལམ་ལུགས་བཙུགས་ཚུན་ཁྱབ་བསྒྲགས་ལག་བསྟར་བྱས་པའི་དཔར་མ་གཉིས་པའི་ཚད་གཞི་ཡིན་པ་དང་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ཚད་གཞི་ལེགས་སྒྲིག་བྱེད་ཐེངས་དང་པོ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། སྤྱི་ཡོངས་ཀྱི་གྲུབ་ཆ་དང་དཔར་མ་རྙིང་པའི་རྒྱལ་ཁབ་ཀྱི་ཚད་གཞི་གཅིག་གྱུར་རྒྱུན་འཁྱོངས་བྱས་པའི་རྨང་གཞིའི་ཐོག《རྒྱལ་ཁབ་ཀྱི་ཚད་གཞི་2023ལོ》ལ་ཞབས་འདེགས་ཀྱི་རྣམ་གྲངས་ཁག་གཅིག་“ཁ་སྣོན་དང་། མཐོར་གཏོང་། ལེགས་སྒྲིག”བཅས་བྱས་པ་དང་ལེགས་སྒྲིག་ཞབས་འདེགས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཁྱོན་48ཀྱིས་རྣམ་གྲངས་ཧྲིལ་པོའི་60%བཟུང་ཡོད་པ་རེད།

     ནང་དོན་ཞིབ་ཕྲར་ཞབས་འདེགས་ཀྱི་རྣམ་གྲངས་གསར་པ་གཅིག་མང་དུ་བཏང་ནས་ལོ་སྐྱུར་ལ་བརྟེན་ནས་དབང་རྩའི་ཞན་ཆ་སྔོན་འགོག་གི་ཞབས་འདེགས་ཁ་སྣོན་བརྒྱབ་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་ཡོན་ཙག་ཙིག་རྩ་ཆག་གཏོང་བ་དང་། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་བཟའ་བཅའི་འཚོ་བཅུད་ཁ་གསབ། འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་དམིགས་བསལ་རོགས་སྐྱོར་རྣམ་གྲངས་གསུམ་གྱི་ཞབས་འདེགས་ཚད་གཞི་བཅས་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་དམིགས་བསལ་ཚོགས་སྤྱི་གཅིག་སྡུད་བསྙེན་བཀུར་གྱི་རྣམ་གྲངས་2ཀྱི་ཞབས་འདེགས་ཞུ་ཡུལ་རྒྱ་ཆེར་གཏོང་བ་ཚུད་ཡོད། གཞན་ཡང་ད་དུང་སྦྲུམ་མའི་བདེ་ཐང་ཞབས་འདེགས་དང་བུ་བཙའི་འགན་བཅོལ་སོགས་ཞབས་འདེགས་རྣམ་གྲངས་41གི་ཞབས་འདེགས་ཀྱི་ནང་དོན་དང་། ཞབས་འདེགས་ཀྱི་ཚད་གཞི། གཏོང་སྒོའི་འགན་འཁྲི་བཅས་འཐུས་ཚང་དང་ཚད་ལྡན་དུ་བཏང་ཡོད་པ་མ་ཟད་བདེ་ཐང་གི་སློབ་གསོ་དང་བདེ་ཐང་གི་བྱང་ཚད་ལ་སྐུལ་འདེད་གཏོང་བ་སོགས་ཞབས་འདེགས་ཀྱི་རྣམ་གྲངས་10ཡི་སྣེ་ཁྲིད་འགན་འཁུར་ཚན་པ་ལེགས་སྒྲིག་བྱས་ཡོད་པ་རེད།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱིས་མཉམ་དུ་བརྡ་ཐོ་བཏང་ནས་ས་གནས་ཁག་ལ《རྒྱལ་ཁབ་ཀྱི་ཚད་གཞི་2023ལོ》ལ་གཞིགས་ཏེ་ས་ཁུལ་དེ་གའི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཀྱི་ལག་བསྟར་ཚད་གཞི་ལེགས་སྒྲིག་བྱེད་པར་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་ཚད་གཞི་ལས་མི་དམའ་བ་བྱེད་དགོས་པ་དང་མི་དང་། ནོར་ཤུགས། སྒྲིག་བཀོད་སོགས་རྒྱུ་རྐྱེན་གཙོ་བོ་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས《རྒྱལ་ཁབ་ཀྱི་ཚད་གཞི་2023ལོ》དང་ས་ཁུལ་དེ་གའི་ལག་བསྟར་ཚད་གཞིར་གཏན་འབེབས་བྱས་པའི་ཞབས་འདེགས་ཀྱི་རྣམ་གྲངས་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1