ཟླ་བརྒྱད་པ་ནི་རྩྭ་ཐང་གི་དུས་ཚིགས་ཡག་ཤོས་ཡིན། མཛོད་དགེ་རྫོང་སྲིད་གྲོས་ཀྱིས་རྫོང་དམངས་ཆེན་དང་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་གནང་བའི་འགོ་ཁྲིད་རྒན་གྲས་གདན་དྲངས་ནས། སྲིད་གྲོས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡི་དཔེ་ཀློག་ཁྲོད་ཐུན་མོང་ངོས་འཛིན་གཅིག་གྱུར་དང་སློབ་སྦྱོང་ཟབ་སྤེལ་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ། འགོ་ཁྲིད་ལས་བྱེད་པ་དང་ལས་བཟོ་བ་གསར་རྙིང་ལྷན་འཛོམས་བྱུང་སྟེ། སྔོན་གྱི་ལོ་རྒྱུས་གླེང་བཞིན་འབྱུང་འགྱུར་ལ་རེ་ལྟོས་གནང་བའི་རྣམ་པ་ལེགས་པོ་བཏོད།
བྱེད་སྒོར་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཧྲུའུ་ཅི་ཞའོ་ཧུའེ་རྣམ་པ་གཉིས་ཀྱི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱའི་ཐད་ཀྱི་ངོས་འཛིན་དང་མྱོང་ཚོར་གླེང་མོལ་གནང་། 《ཏང་གི་སྒྲིག་ཡིག》དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ཁྲོད། མི་དམངས་དམངས་གཙོ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་ལ་འགན་ལེན་པའི་ནང་དོན་ལ་སློབ་སྦྱོང་གང་ལེགས་བྱས་ཏེ། སྦྱོར་བ་དངོས་ཀྱིས་སློབ་སྦྱོང་དང་སྐུལ་སྤེལ་ལས་དོན་ཟུང་འབྲེལ་དམ་པོར་གནང་།
ལས་བྱེད་པ་རྒན་གྲས་ཚོས་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཀྲུའུ་ཞི་ཨ་སྟག་གི་འགྲོ་རོགས་འོག སྲིད་གྲོས་ཀྱི་གཞུང་ལས་ཐོག་ཁང་གསར་བར་ལྟ་སྐོར་བྱས། ལྟ་སྐོར་བྱེད་གནས་རེ་རེར་ལས་བྱེད་པ་རྒན་གྲས་ཚོས། འབྲེལ་ཡོད་བྱེད་ནུས་ས་ཁོངས་ཀྱི་མཚམས་སྦྱོར་ལ་མཉན་ནས། རྨང་གཞིའི་སྒྲིག་བཀོད་དང་བེད་སྤྱོད་བྱེད་སྟངས། བྱེད་ནུས་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་བརྒྱུད། སྲིད་གྲོས་ཀྱི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་འཕེལ་རྒྱས་ལ་ངར་སེམས་དང་སྤྲོ་སྣང་བསྩལ། ཁྱད་པར་དུ་ཨུ་ཡོན་གྱི་ཁྱིམ་གཞིས་བྱེད་སྒོ་ཁང་དང་རིག་གནས་ལོ་རྒྱུས་དཔེ་ཁང་བསྐྲུན་པར་གདེང་འཇོག་མཐོན་པོར་གནང་།
ཨ་སྟག་གིས་རྫོང་གི་འགོ་ཁྲིད་ཚན་ཁག་བཞིའི་ཚབ་བྱས་ཏེ། འགོ་ཁྲིད་རྒན་གྲས་ཚོས་མཛོད་དགེའི་འཛུགས་སྐྲུན་ཐད་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས། ལས་བྱེད་པ་རྒན་གྲས་ཀྱིས་མཛོད་དགེའི་ལས་དོན་དང་སྲིད་གྲོས་བྱ་གཞག་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་དང་ཆབས་ཅིག བློ་མཐུན་རྒན་གྲས་ཚོས་ནམ་རྒྱུན་ལུས་ཁུངས་སེམས་ལ་བཅངས་ནས་རང་མདངས་མ་འགྱུར་བར། རྫོང་གི་ལས་དོན་ཁག་ལ་སེམས་ཁུར་དང་རྒྱབ་སྐྱོར་གང་ལེགས་བྱས་ཏེ། མཛོད་དགེའི་འཕེལ་རྒྱས་ལ་ངར་ཤུགས་འདོན་པར་རེ་བ་བཏོན།