《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་བཅའ་ཁྲིམས》ལག་ལེན་དང་དོན་འཁྱོལ་མཐར་ཕྱིན་སྒོས། གྲོང་རྡལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་པའི་ལས་སྒྲུབ་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་འགལ་རྩོད་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་ཆེད། ཉེ་ཆར་བཞག་ལྡོམ་ཁྲིམས་འཛིན་ཁང་གིས་མངའ་ཁོངས་ཀྱི་གྲོང་རྡལ་དང་སྡེ་བའི་འདུམ་འགྲིག་པ་རྩ་འཛུགས་བྱས་ཏེ། གྲོང་རྡལ་ཡོངས་ཀྱི་མི་དམངས་འདུམ་འགྲིག་པའི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་བསྡུས།
གསོ་སྦྱོང་ཚོགས་འདུར་བཞག་ལྡོམ་ཁྲིམས་འཛིན་ཁང་གི་ཁྲིམས་འཛིན་ལག་རོགས་པས། ཁྲིམས་འཛིན་ཁང་གི་ངོ་བོ་དང་ལས་སྒྲུབ་འགན་ནུས། མི་དམངས་འདུམ་འགྲིག་པའི་དོན་སྙིང་གལ་ཆེན་བཅས་དང་འབྲེལ་ཏེ། དཔེ་དོན་ངོ་མ་དྲངས་ཏེ་མི་དམངས་འདུམ་འགྲིག་རྩ་འཛུགས་དང་དཔུང་སྡེ་འཐུས་ཚང་འཛུགས་པ་དང་། མི་དམངས་འདུམ་འགྲིག་ཡིག་ཆའི་ཚད་ལྡན་འབྲི་སྟངས། འདུམ་འགྲིག་ནུས་རྩལ་དང་རྩ་དོན། ཁྲིམས་གདལ་དྲིལ་སྒྲོག་སོགས་ཀྱི་ལས་དོན་ཆ་ཚང་བར་འགྲེལ་བཤད་གནང་། འདུམ་འགྲིག་གྱོད་དཔེར་འབྲེལ་ཏེ་གསོན་ཉམས་ལྡན་པའི་སྒོ་ནས《མི་དམངས་འདུམ་འགྲིག་བཅའ་ཁྲིམས》ཀློག་འགྲེལ་སྒོས། མི་དམངས་འདུམ་འགྲིག་པས་འདུམ་འགྲིག་ལས་དོན་ཁྲོད། ངེས་པར་དུ་ལས་ཀའི་སྒྲུབ་ཐབས་གཙིགས་སུ་བཟུང་སྟེ། དོ་བདག་གིས་འགལ་རྩོད་ཁྲོད་ལུགས་དང་མི་མཐུན་པའི་རེ་བ་བཏོན་ན། འདུམ་འགྲིག་པས་ངེས་པར་དུ་ངང་རྒྱུད་རིང་བོས་སློབ་སྟོན་སྒོས། རྒྱལ་ཁབ་ཀྱི་ད་ལྟའི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཏེ། བསམ་བློའི་ལས་དོན་ལེགས་སྒྲུབ་ཀྱིས་འགལ་རྩོལ་ཇེ་ཆེར་འགྲོ་བར་བཀག་འགོག་བྱེད་པ་དང་། བཅའ་ཁྲིམས་ལས་མི་བརྒལ་བའི་གནས་ཚུལ་འོག ཚད་ཆེས་ཆེ་བའི་སྒོ་ནས་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་དགོས་པ་ནན་གྱིས་བསྟན། ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་མི50ལྷག་ཞུགས་ཤིང་གསོ་སྦྱོང་ཡིག་ཤོག50ལྷག་བཀྲམ།
ཐེངས་འདིའི་གསོ་སྦྱོང་འཚོགས་པ་བརྒྱུད། མི་དམངས་འདུམ་འགྲིག་པའི་འདུམ་འགྲིག་ལས་ཀའི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་སྟེ། མི་དམངས་འདུམ་འགྲིག་པའི་འདུམ་འགྲིག་ལས་ཀའི་ངར་ཤུགས་སྐུལ་སློང་སྒོས། ལས་སྒྲུབ་འགན་འཁྲིའི་འདུ་ཤེས་དང་འདུམ་འགྲིག་ལས་དོན་ལེགས་སྒྲུབ་ཀྱི་ཡིད་ཆེས་ཆེར་བཏང་སྟེ། ཁྲིམས་འཛིན་སྲིད་འཛིན་མ་ལག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྱི་ལེ་ཆེས་མཐའ་མའི་གནད་དོན་སྔར་ལས་ཐག་གཅོད་གང་ལེགས་བྱས་པར་མ་ཟད། ང་ཡིས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་བྱེད་ཐབས་དངོས་སུ་གྱུར།