མཛོད་དགེ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས2023ལོའི་དྭངས་བསིལ་དབྱར་སྐྱེལ་བྱེད་སྒོ་སྤེལ།

འཕྲིན་སྤེལ་བ། དཔལ་མགོན། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 09-05


    གོང་རིམ་བཟོ་ཚོགས་ཀྱི་འབོད་སྐུལ་དང་ལེན་དང་། རྒྱ་ཆེའི་ལས་བཟོ་བའི་ངལ་རྩོལ་བདེ་འཇགས་དང་བདེ་ཐང་གི་ཁེ་དབང་འགན་སྲུང་སྒོས། ལས་གནས་དང་པོའི་ལས་བཟོ་བར་ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱིས་གནང་བའི་ཐུགས་ཁུར་དང་གཅེས་སྐྱོང་མཚོན་ཆེད། ཟླ8པའི་ཚེས31ཉིན། མཛོད་དགེ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས2023ལོའི་དྭངས་བསིལ་དབྱར་སྐྱེལ་བྱེད་སྒོ་སྤེལ།

    བྱེད་སྒོའི་ཡུལ་དངོས་སུ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལས་གནས་དང་པོར་གསར་དུ་ལས་ཞུགས་བྱས་པའི་ལས་བཟོ་བ་དང་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་མི་སྣ150ལ། རིན་གོང་སྒོར་ཁྲི3ཟིན་པའི་དྭངས་བསིལ་ཁུག་མ་དང་གཏེར་ཆུ་སྤྲད་དེ། ཁོ་ཚོས་ལས་གནས་བརྟན་སྲུང་བྱས་ཏེ་མཛོད་དགེ་རྫོང་གི་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོ་ཚོ་ནི་ཨར་སྐྲུན་ལས་བཟོ་བ་དང་ཡང་ན་གཞུང་ལམ་ཁོར་སྲུང་གི་གཙང་སྦྲ་ལས་བཟོ་བ་དང་འཕྱིར་ཚོང་བ་ཡིན། ཁོ་ཚོ་ལས་གནས་གང་དུ་ཡོད་རུང་། དཀའ་སྤྱད་འབད་བརྩོན་གྱིས་ལས་གནས་དང་པོའི་ལས་བཟོ་བའི་སྙིང་སྟོབས་ལེགས་པར་མཚོན་ནས། སྦྱོར་བ་དངོས་ཀྱིས་མཛོད་དགེ་རྫོང་གི་འགན་འཁྲི་དང་ལས་རིགས་ཀྱི་འགན་འཁྲི་ལེགས་པར་ཁུར།

    ཚང་མས་སྤྱོད་ཚུལ་བཟང་བོ་དར་སྤེལ་གྱིས་དཀའ་ངལ་ཁྱད་གསོད་བྱས་ཏེ། སྤྲོ་སེམས་དང་དཔའ་ངར་ཆེར་བསྐྱེད་ནས་ལས་དོན་ཁག་ཏུ་ཞུགས་ནས། འཛམ་གླིང་གི་ས་མཐོའི་བརླན་སའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་བསྐྲུན་པར་རང་ངོས་ནས་སྟོབས་ཤུགས་འབུལ་རྒྱུ་ཡིན་པར་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1