ཞི་ཅིན་ཕིང་ནས་རིག་ནུས་ཐོན་ལས་འགྲེམས་སྟོན་འདིར་ཤིས་འཕྲིན་སྤྲིངས།

རིན་ཆེན་དབང་འདུས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-06


སྤྱི་ཟླ་9ཚེས་4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2023ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམས་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས། མིག་སྔར། མཉམ་འབྲེལ་དྲ་བ་དང་། གྲངས་གཞི་ཆེན་མོ། སྤྲིན་རྩིས། མི་ཐབས་རིག་ནུས། ཚན་ཚན་ཕྲེང་འབྲེལ་སོགས་ལག་རྩལ་གསར་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་། ཐོན་ལས་གྲངས་འཛིན་ཅན་དང་། རིག་ནུས་ཅན། སྦགས་མེད་ཅན་བཅས་སུ་འགྱུར་ལྡོག་མྱུར་པོ་འགྲོ་བ། རིག་ནུས་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་བཅས་ཀྱིས་འཛམ་གླིང་ཧྲིལ་པོའི་གྲུབ་གཞིའི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་དང་ཐོན་ལས་གོང་འཕེལ་གཏོང་སྟངས། མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་སོགས་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད། ཀྲུང་གོས་གྲངས་འཛིན་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཐོག གྲངས་འཛིན་ལག་རྩལ་དང་དངོས་གཟུགས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་འགྱུར་རྒྱུར་མཉམ་དུ་མཐུན་སྦྱོར་སྐུལ་འདེད་གཏོང་བ། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་མགྱོགས་པོ་བྱེད་བཞིན་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷན་དུ་གྲངས་འཛིན་དུས་རབས་ཀྱི་འཕེལ་ཕྱོགས་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། གྲངས་འཛིན་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། རིག་ནུས་ཐོན་ལས་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དྲ་རྒྱའི་བར་ཁམས་ཀྱི་ལས་དབང་གཅིག་མཐུན་མ་ལག་གང་མགྱོགས་བསྐྲུན་པ་བཅས་བྱས་ཏེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་བསྟན་གནང་ཡོད།

2023ལོའི་ཀྲུང་གོ་རྒྱལ་སྤྱིའི་རིག་ནུས་ཐོན་ལས་འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི། ཕྱོགས་བཞིའི་རིག་སྟོབས་གཅིག་ཏུ་འདུས། ཀུན་གྱི་ཁྱད་ཡོན་བསྡུ་ལེན་བྱེད་ཅེས་པ་དེ་ཡིན་ཞིང་། བྱེད་སྒོ་དེ་ཚེས་4ཉིན་ཁྲུང་ཆིང་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1