ལོ་ངོ་དུང་ཕྱུར་1.5གོང་གི་ཁུང་འབྲུག་འགྱུར་རྡོ་ཞིག་རྙེད།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-08



ཟླ་9ཚེས་6ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཉིན་200ལྷག་ཙམ་ཕྱི་རོལ་གྱི་སྔོག་འདོན་དང་ལོ་གཅིག་རིང་གི་ཉམས་གསོ་དང་དབྱེ་ཞིབ་ཞིབ་འཇུག་བྱས་པ་བརྒྱུད། ཧྥུའུ་ཅན་ཞིང་ཆེན་ཀྲེང་ཧོ་རྫོང་གི་ལོ་དུང་ཕྱུར་1.5ཡི་གོང་གི་ཀྲུའུ་ལུའོ་དུས་མཇུག་གི་ས་རིམ་ནས་ཁུང་འབྲུག་གི་འགྱུར་རྡོ་ཕལ་ཆེར་ཆ་ཚང་བ་ཞིག་རྙེད་པ་དེ་འདབ་ཆགས་གཤོག་རིགས་ཀྱི་ཁུང་འབྲུག་གི་སྐྱེ་དངོས་རིགས་གསར་པར་གཏོགས་པ་དང་། མིང་ལ་“ངོ་མཚར་ཆེ་བའི་ཧྥུའུ་ཅན་གྱི་འབྲུག”ཞེས་བཏགས་པ་རེད། དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་འཛམ་གླིང་དུ་ཀྲུའུ་ལུའོ་དུས་མཇུག་དང་གནས་ཡུལ་ཆེས་ལྷོ་ངོས་ཡིན་པའི་འདབ་ཆགས་གཤོག་པའི་རིགས་ཀྱི་ཁུང་འབྲུག་ཡིན་ལ། ཧྥུའུ་ཅན་ཞིང་ཆེན་ནས་ཁུང་འབྲུག་འགྱུར་རྡོ་ཐོག་མར་རྙེད་པ་ཞིག་ཀྱང་ཡིན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1