འབའ་ལ་རེ་ལ་མོ་གླུ་ཞིག་ལེན།། ཅང་ལ་རེ་རང་གི་ལེན་ཚུལ་ཡིན།། སྟོད་དབུས་གཙང་བླ་མ་འཁྲུངས་བསྡད་ཡོད།། འདིའི་གྲྭ་ཚང་ཐམས་ཅད་ཡིད་སེམས་དགའ།། བར་དགུ་རྒྱ་དཔོན་པོ་འཁྲུངས་བསྡད་ཡོད།། འདིའི་མི་སྡེ་ཐམས་ཅད་ཡིད་སེམས་དགའ།། སྨད་རྒྱ་ནག་རྒྱལ་བོ་འཁྲུངས་བསྡད་ཡོད།། འདིའི་མི་སྡེ་ཐམས་ཅད་ཡིད་སེམས་དགའ།།