ཟླ་9ཚེས་16ཉིན་གྱི་སྔ་དྲོར། རྔ་བ་ཁུལ་བཙུགས་ནས་ལོ་ངོ་70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་འབར་ཁམས་སུ་འཚོགས་ཤིང་། རྔ་བ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བརྙན་འཕྲིན་དང་། དྲ་བ། རླུང་འཕྲིན། ཁ་པར་སོགས་ལས་སྤྲོ་ཚོགས་ལ་གསན་གཟིགས་བྱས་ཏེ། རྔ་བ་ཁུལ་གྱི་ལོ་ངོ་70ཡི་རིང་གི་མཚར་སྡུག་འོད་སྟོང་འཕྲོ་བའི་འཕོ་འགྱུར་ཆེན་པོར་ཐུན་མོང་ཐོག་བདེན་དཔང་བྱས་པ་རེད། །