《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》ཀྱི་ཨ་རབ་ཀྱི་ཡི་གེ་དང་། ཕོར་ཐིའུ་ཀལ་གྱི་ཡི་གེ། འཇར་མན་གྱི་ཡི་གེ། སི་ཝ་ཞི་ལིའི་ཡི་གེ། ཝུའར་ཏུའུ་ཡི་ཡི་གེ། དེ་བཞིན་ཝེ་ཐེ་ནམ་གྱི་ཡི་གེ་བཅས་ཀྱི་པར་མ་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
《འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བཏུས》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པ་དང་། ཆེད་དོན་9ལ་དབྱེ་ནས་བློ་མཐུན་ཞི་ཅིན་ཕིང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུར་དམིགས་ནས་སྤེལ་བའི་གལ་ཆེའི་རྣམ་བཤད་རབ་དང་རིམ་པ་ཆ་ལག་ཚང་བའི་ཐོག་ནས་གཅེས་བཏུས་བྱས་ཡོད། ད་ཐེངས་ཨ་རབ་ཀྱི་ཡི་གེ་སོགས་ཡིག་རིགས་6གི་པར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་རྒྱུ་དང་། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་རླབས་ཆེན་ལག་ལེན་དང་དེ་བཞིན་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བའི་ཀྲུང་གོའི་ཇུས་གཞི་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱ་རྒྱུ། དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
དེབ་འདིའི་དབྱིན་ཡིག་དང་རྒྱ་ཡིག་དང་། ཧྥ་རན་སེའི་ཡི་གེ་དང་རྒྱ་ཡིག །ཨུ་རུ་སུའི་ཡི་གེ་དང་རྒྱ་ཡིག །སི་ཕེན་གྱི་ཡི་གེ་དང་རྒྱ་ཡིག །ལྗར་པན་གྱི་ཡི་གེ་དང་རྒྱ་ཡིག་བཅས་ཤན་སྦྱར་གྱི་པར་མ་རྣམས་2022ལོར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་འགྲེམས་སྤེལ་བྱས་ཡོད་པ་རེད། །