མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་འདོན་ཤུགས་ཆན་ཝ་ཁྲི་3000ལས་བརྒལ་བ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས། སྤེལ་དུས། 11-13


འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་གློག་གཏོང་ས་ཚིགས་ཤིག་ནས་གློག་གཏོང་བཞིན་པ།


ཉེ་བའི་ལོ་ཤས་རིང་། མཚོ་བོད་ས་མཐོར་གནས་པའི་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་བྱེ་ཐང་། མྱ་ངམ་ཐང་། ཐང་རྒོད་བཅས་ཀྱི་ས་ཁུལ་དུ་རླུང་གློག་དང་འོད་ཤུགས་རྟེན་གཞི་ཆེན་པོའི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་གསར་སྤེལ་བེད་སྤྱོད་མངོན་འགྱུར་རགས་ཙམ་བྱུང་ནས། ནུས་རྒྱུ་གསར་པའི་ཐོན་ལས་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཏེ་མིག་སྔར་ཞིང་ཆེན་དེའི་ནུས་རྒྱུ་གསར་པའི་གློག་འདོན་ཤུགས་ཆན་ཝ་ཁྲི་3100ཟིན་ཡོད་ལ། མཚོ་སྔོན་གློག་དྲས་རྒྱལ་ཡོངས་ནས་ནུས་རྒྱུ་གཙང་མ་དང་ནུས་རྒྱུ་གསར་པའི་གློག་འདོན་ཤུགས་ཆེ་ཤོས་ཀྱི་ཞིང་ཆེན་གྱི་གློག་དྲའི་གནས་བབ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1