མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་2024ལོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོ་འགན་བཅོལ་གྲོན་དངུལ་སྤྲོད་པའི་ལས་དོན་ལ་སྐུལ་འདེད་བཏང་།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-24


གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི་ལས་དོན་ལེགས་པོ་སྤེལ་ནས། མང་ཚོགས་འགན་བཅོལ་ནང་ཞུགས་ཚད་མཐོ་རུ་བཏང་ནས་འགན་སྲུང་གྲོན་དངུལ་སྤྲོད་པར་འགན་ལེན་བྱེད་ཆེད། ཉེ་ཆར། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་ལས་ཀའི་དོན་དངོས་དང་འབྲེལ་ནས་དམིགས་ཚད་ལས་འགན་ཁ་གསལ་བཟོས། བྱ་ཐབས་སྣ་ཚོགས་སྤྱད་དེ་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་པའི་ལས་དོན་ནུས་ལྡན་ངང་སྤེལ་བར་སྐུལ་འདེད་བཏང་།

བསམ་བློའི་ངོས་འཛིན་ལ་ཤུགས་སྣོན་སྒོས་ལས་ཀའི་འགན་འཁྲི་ལེགས་སྒྲུབ་བྱེད་པ། ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་ཐེ་བོ་གྲོང་རྡལ་གྱིས་དུས་ཐོག་ཏུ་ལས་སྒོའི་གསོ་སྦྱོང་སྤེལ་བ་དང་གྲོན་དངུལ་སྤྲོད་པའི་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས། གྲོན་དངུལ་གྱི་ཚད་གཞི་དང་སྤྲོད་སྟངས། གླ་ཕོགས་ལོངས་སྤྱོད་སོགས་འབྲེལ་ཡོད་སྲིད་ཇུས་ལ་ཡུལ་དངོས་ནས་གསོ་སྦྱོང་དང་གསལ་འགྲེལ་བྱས་ནས། ཚང་མར་སྲིད་ཇུས་དང་དྲ་ལམ་ནས་གྲོན་དངུལ་འཇལ་བའི་བརྒྱུད་རིམ་གསལ་སྟོན་བྱས། དུས་ཚོད་དང་ལས་འགན་ལ་དམིགས་ནས་གྲོན་བསྡུའི་ལས་དོན་གང་ལེགས་སྤེལ་ཏེ། དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་པར་འགན་ལེན་བྱས།

དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁོར་ཡུག་ལེགས་པོ་བསྐྲུན་པ། དྲ་ལམ་དང་ཡུལ་དངོས་ཀྱི་སྟོབས་ཤུགས་མཉམ་འདོན་བྱས། དྲ་ལམ་ནས་སྐད་འཕྲིན་ཚོགས་པ་དང་གྲོགས་ཚོམས་བརྒྱུད་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི་བརྒྱུད་རིམ་དང་འབྲེལ་ཡོད་སྲིད་ཇུས་བརྒྱུད་སྤེལ་བྱས་ཏེ། སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི་བརྡ་ཐོ་དུད་ཚང་དུ་བསྒྲགས། ཡུལ་དངོས་ནས་བརྡ་སྦྱོར་སྦྱར་བ་དང་དུད་ཚང་དུ་སྐྱོད་དེ་སྒྲོག་ཤོག་བཀྲམ་བ་སོགས་ཀྱི་ཐབས་ལམ་བརྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས། མིག་སྔའི་བར་འགན་བཅོལ་ནང་ཞུགས་པའི་དྲིལ་བསྒྲགས་རྒྱུ་ཆ་3000ལྷག་ཙམ་བཀྲམ་པ་དང་དྲིལ་བསྒྲགས་བརྡ་ཁྱབ་40ལྷག་སྦྱར་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ལ་སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲོད་དགོས་པའི་འདུ་ཤེས་ལེགས་འཛུགས་བྱས།

གནད་སྨིན་ཞབས་ཞུ་བཏོན་ནས་འགན་བཅོལ་མངོན་འགྱུར་བྱེད་པ།  མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་དམིགས་ཡུལ་མཐའ་འཁྱོངས་ཀྱིས། འགན་བཅོལ་ནང་ཞུགས་མཁན་གྱི་ཆ་འཕྲིན་རྩིས་ཐོ་ལྟར་དྲ་ཐོག་ནས་གྲོན་དངུལ་འཇལ་མི་ཤེས་པའི་མང་ཚོགས་ལ་དངུལ་སྤྲོད་རོགས་བྱས། ཞབས་ཞུ་གང་ལེགས་བཏོན་ནས་འགན་བཅོལ་གྲོན་དངུལ་འཇལ་བའི་དངོས་ཡོད་གནད་དོན་ཐག་གཅོད་བྱས། འགན་བཅོལ་ནང་ཞུགས་འདོད་མེད་པའི་མང་ཚོགས་ལ་གྲོང་ཚོ་འགན་གཙང་ལས་དོན་ཚོ་ཆུང་དང་གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་ཏེ། འགན་བཅོལ་གྲོན་དངུལ་སྤྲོད་པར་ཁྲིད་སྟོན་བྱས།  རྗེས་ཕྱོགས་ཐེ་བོ་གྲོང་རྡལ་གྱིས་བྱེད་ཐབས་དངོས་འདོན་གྱིས་མང་ཚོགས་ཀྱི་གྲོན་དངུལ་སྤྲོད་པའི་དཀའ་གནད་རྗེས་འདེད་ཐག་གཅོད་བྱས་ཏེ། མང་ཚོགས་འགན་བཅོལ་ནང་ཞུགས་པར་སྐུལ་སློང་བྱས་ནས་སྲིད་ཇུས་ཀྱིས་དམངས་ལ་ཕན་པ་ཆེ་ཤོས་ཐོབ་པ་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་སྒྲོལ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1