འདི་ནི་ལྷ་ཉིང་གཞུང་ལམ་སྟག་རྩེ་ལམ་དུམ་གྱི་མཛེས་ལྗོངས།
འདི་ནི་སྟོན་མཇུག་གི་ཞོལ་ཤང་གི་ཞིང་ཁ།
འདི་ནི་ཁྲུང་ཁྲུང་སྐེ་ནག་བྲག་དཀར་ཞོལ་འདམ་རར་ངལ་གསོ་བཞིན་པ།
དི་ནི་པད་ནག་གྲོང་ཚོའི་སྟོན་ལྗོངས།
འདི་ནི་པད་ནག་རོང་གི་སྟོན་ལྗོངས།
འདི་ནི་སྟག་རྩེ་ཆུས་ཀྱི་གསེར་མདོག་རྫིང་བུའི་སྐྱེ་ཁམས་མཛེས་ལྗོངས་ཁུལ།
སྟག་རྩེ་ཆུས་ནི་ལྷ་ས་གྲོང་ཁྱེར་གྱི་དབུས་ལྷོའི་མཚམས་སུ་གནས་ཤིང་། ལྟ་ན་སྡུག་པའི་སྟོན་གྱི་མཛེས་ལྗོངས་ལས་ཡུལ་གྲུ་ཀུན་ཏུ་སྐད་གྲགས་ཆོད། ཟླ་བ་བཅུ་པར། སྟག་རྩེའི་ཡུལ་གྲུ་ཀུན་ཏུ་སྟོན་དུས་ཀྱི་རྣམ་པ་ཟབ་ཅིང་། རྒྱང་རིང་གི་རི་ཚོགས་དང་ནགས་ཚལ་གཅིག་རམ་གཅིག་འདེགས་སུ་གནས་པས། པིར་གྱིས་བྲིས་པའི་ཚོན་མདངས་རྣམ་པར་བཀྲ་བའི་མཛེས་རིས་ཤིག་དང་གཉིས་སུ་མ་མཆིས།
སྟག་རྩེའི་སྟོན་ཉམས་ནི་ས་ཞིང་ཁོ་ན་ཙམ་མ་ཡིན་པར་ཐ་ན་རྒྱུག་ཆུ་ལས་ཀྱང་ཐུན་མིན་གྱི་མཛེས་ཉམས་ཤིག་མངོན། གསེར་མདོག་ཅན་གྱི་ལོ་མ་ཆུ་སྟེང་དུ་ལྷུང་ཞིང་གཙང་འགྲམ་གྱི་ཤིང་སྡོང་ཡང་དྭངས་ཤིང་གཙང་བའི་ཆུ་མོའི་ངོས་སུ་འཆར་བས། ཆུ་མོའི་རླབས་དང་བསྟུན་ནས་ཡིད་འོང་རྣམ་པར་བཀྲ་བའི་རི་མོ་ཞིག་ཀུན་གྱི་འདྲེན་བྱེད་ལམ་དུ་འཆར།
རྒྱང་རིང་གི་གསེར་ཐིང་ཐིང་གི་རི་རྩེ་དང་ཉེ་འཁོར་གྱི་གསེར་མདོག་ཅན་གྱི་ནགས་ཚལ་གྱི་གྲིབ་གཟུགས་རྒྱལ་ལམ་318རྒྱུད་ཀྱི་རྫིང་བུའི་ངོས་སུ་འཆར་ཞིང་། ཉི་འོད་ལམ་ལམ་གྱི་ཁྲོད་ནགས་ཚལ་དང་། རྩྭ་ཐང་། རྫིང་བུ་བཅས་གཞི་གཅིག་ཏུ་འདྲེས།
སྟག་རྩེའི་སྟོན་དུས་ནི་མཚར་སྡུག་རྣམ་པར་བཀྲ་བའི་དུས་ཚིགས་ཤིག་ཡིན་ཞིང་། ཞིང་ཁ་དང་། གཙང་པོ། སྐྱེད་ཚལ་། ལྗོན་ཤིང་སོགས་ཕྱོགས་གང་ས་ནས་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་ཤིག་མངོན། གལ་ཏེ་སྐུ་ཉིད་བོད་ལྗོངས་ཀྱི་སྟོན་ཁའི་མཛེས་སྡུག་ལ་རོལ་འདོད་ན། ངེས་པར་དུ་སྟག་རྩེར་སྐྱོད་དགོས། གནས་དེ་ནས་ཁྱེད་ཀྱིས་རང་བྱུང་ཁམས་ཀྱི་ངོ་མཚར་དང་མིའི་རིགས་ཀྱི་བློ་གྲོས་ཚོར་ཐུབ་ལ། ང་ཚོ་མཉམ་དུ་སྟག་རྩེ་ཆུས་ཀྱི་སྟོན་ཁའི་མཛེས་ལྗོངས་ལ་རོལ་ཆོག