མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོའི་བོ་ཚང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལ་འབྲས་བུ་ལེགས་པོ་སྨིན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 01-02


སྤྱི་ཟླ་12པའི་ཚེས་28ཉིན། བོ་ཚང་གྲོང་སྡེའི་མཉམ་ལས་ཁང་གིས་ལོ་གཅིག་གི་ཁེ་སྤོགས་བགོ་བཞིན་ཡོད། གཟན་ཆས་ཁུག་མ་ལེན་དུ་ཡོང་བའི་སྡེ་མིའི་གདོང་ལ་དགའ་སྤྲོའི་འཛུམ་གྱིས་ཁེངས་ཡོད། 

བོ་ཚང་གྲོང་སྡེའི་ཏང་ཀྲི་པུ་ཧྲུའུ་ཅི་མཁའ་འགྲོ་ཚེ་རིང་གིས་བཤད་རྒྱུར། ད་ལོ་ངེད་བོ་ཚང་གྲོང་སྡེའི་མཉམ་ལས་ཁང་གིས་ལུག་330བཙོང་ཚར། བསྡོམས་པས་ཁེ་སྤོགས་སྒོར་ཁྲི་20ལེན་ཐུབ། 3+3+3+4ཡི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོ་འགྲེམ་ལམ་སྲོལ་ལྟར། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་མང་ཚོགས་ཀྱི་བསམ་འཆར་ཉན་ནས་མཛོད་དགེ་རྩྭ་ཐང་སྐྱ་རེངས་གཟན་ཆས་ཚད་ཡོད་སྤྱི་གཉེར་ཁང་ནས་རིན་ཐང་སྒོར་ཁྲི་6གི་གཟན་ཆས་ཉོས་ནས་དུད་ཚང་རེར་བགོས། 

ཁེ་སྤོགས་བགོ་ཡུལ་དུ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིས་མཉམ་ལས་ཁང་ལ་སི་ཁྲོན་ཞིང་ཆེན་གྱི་འབྲུ་མཛོད་ལེགས་ཤོས་བསྐྲུན་པའི་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་གཟེངས་རྟགས་སྤྲད།  ཡུལ་ཚོ་དང་གྲོང་སྡེ་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་སྡེ་སྡོད་ལས་དོན་རུ་ཁག །ཏང་ཡོན་འཐུས་མི་བཅས་ཀྱིས་མི་རེར་གཟན་ཆས་ཁུག་མ་རེ་བགོས།  ཁུག་མ་རེར་རྒྱ་མ་80ཟིན། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ལས་སྒོར་གྲོང་སྡེ་ཡོངས་ཀྱི་དུད་ཁྱིམ་91གྱི་ཡུལ་མི་455ཚུད་ཡོད། 

སྤུས་ལེགས་གཟན་ཆས་སྦྱིན་ནས་དགུན་དུས་ཀྱི་བོད་ལུག་གི་འཚོ་བཅུད་མི་འདང་བའི་དཀའ་ངལ་སེལ་ནས་གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་བཏང་། ཡུལ་དངོས་ཀྱི་མང་ཚོགས་རྣམས་ཀྱིས་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་དངོས་གནས་ཁེ་སྤོགས་ལོངས་སྤྱོད་བྱས་པས། གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཀྱི་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1