སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཞེས་པའི་དུས་རབས་གསར་བའི་གནས་ལུགས་རྣལ་མ་ལེགས་པར་ཁོང་དུ་ཆུད་པ་དང་། ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལས་ཀ་རེ་རེ་ཡང་དག་འཆར་འགོད་དང་དམ་པོར་བཟུང་སྟེ། དུས་རབས་གསར་བའི་བགྲོད་ལམ་གསར་བའི་རྔ་ཁུལ་དེང་རབས་ཅན་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བར་ཁག་ཐེག་བྱ་དགོས།
བཀྲ་ཤིས་ལོ་འགོར། རྟེན་འབྲེལ་མ་བསྒྲིག་རང་འགྲིག །ཟླ་2ཚེས་20ཉིན་ནས་ཚེས་21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཞུས་ཀྲི་ཝུན་ཝུན་ཁྲོན་རྫོང་དང་བཙན་ལྷ་རྫོང་དུ་ཕེབས་ཏེ་ཕྱོགས་བསྡུས་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་མཛད་ཅིང་། ཡུལ་དངོས་ནས་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་སླར་གསོ། ལྗོངས་སྐོར་ཐོན་ལས་འཕེལ་རྒྱས། ས་གཤིས་གནོད་འཚེ་འགོག་བཅོས་སོགས་འབྲེལ་ཡོད་ཀྱི་ལས་ཀར་ཞིབ་བཤེར་དང་མཛུབ་སྟོན་མཛད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་བྱ་གཞག་ལ་གནང་བའི་མཛུབ་སྟོན་གལ་ཆེན་དག་གི་དགོངས་དོན་གཏིང་ཟབ་མོར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཞིང་ཨུའི་ཇུས་ཆོད་བཀོད་སྒྲིག །ཁུལ་ཨུའི་ལས་ཀ་བཀོད་སྒྲིག་ནན་གྱིས་ལག་ཏུ་བསྟར་བ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཞེས་པའི་དུས་རབས་གསར་བའི་གནས་ལུགས་རྣལ་མ་ལེགས་པར་ཁོང་དུ་ཆུད་པ། གཙོ་གནད་འབུར་ཐོན་དང་གནད་འགག་དམ་འཛིན་སྒོས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་ལས་ཀ་རེ་རེ་ཡང་དག་འཆར་འགོད་དང་དམ་པོར་འཛིན་པ། གཡུ་འབྲུག་འཕུར་རྩལ་དང་རྒྱ་སྟག་མཆོང་རྩལ། ཉ་མོ་འཁྱུག་རྩལ་གྱི་ངར་ཤུགས་ཆེན་མོར་བརྟེན་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ། དུས་རབས་གསར་བའི་བགྲོད་ལམ་གསར་བའི་རྔ་ཁུལ་དེང་རབས་ཅན་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བར་ཁག་ཐེག་བྱ་དགོས།
ཏུའུ་སྐུ་རི་རྒྱུད་དཔྱངས་ལམ་རྣམ་གྲངས་ནི་སི་ཁྲོན་ནུབ་བྱང་མཐོ་སྒང་དང་ཁྲེང་ཏུའུ་ཐང་གཞོང་སྦྲེལ་བའི་འགྲིམ་འགྲུལ་ལམ་ཐིག་ཅིག་ཡིན་ལ། རྔ་བ་ཁུལ་གྱི་ལྗོངས་སྐོར་གསར་འབྱེད་དང་གྲོང་གསེབ་དར་རྒྱས། སི་ཁྲོན་ནུབ་བྱང་མཐོ་སྒང་གི་འགྲོ་འོང་ཆ་རྐྱེན་ལེགས་བཅོས་བཅས་ལ་དགེ་མཚན་ལྡན་པའི་སྐུལ་ནུས་ཐོན་ངེས། ཝུན་ཁྲོན་རྫོང་ཡིང་ཞོའུ་གྲོང་རྡལ་ཐའོ་ཙི་ཕིང་ཕུག་ལམ་འཛུགས་སྐྲུན་ཡུལ་དངོས་ནས་ཞུས་ཀྲི་ཝུན་གྱིས་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཤིང་། ཡུལ་དངོས་ཀྱི་འཛུགས་སྐྲུན་པ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་མཛད་དེ། ཐོན་ལས་སླར་གསོ་དང་འཛུགས་སྐྲུན་བཀོད་སྒྲིག དེ་མིན་འཛུགས་སྐྲུན་སྐབས་ཀྱི་དཀའ་ངལ་དང་གནད་དོན་བཅས་ལ་རྒྱུས་ལོན་མཛད། ཁོང་གིས་བསྟན་དོན། ཏུའུ་སྐུ་རི་རྒྱུད་དཔྱངས་ལམ་རྣམ་གྲངས་ནི་རང་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་ཡུན་རིང་བདེ་སྡོད་ལ་དགེ་མཚན་ལྡན་པའི་དོན་སྙིང་གལ་ཆེན་ལྡན། བདེ་འཇགས་དང་སྤུས་ཚད་འགན་བླངས་པའི་སྔོན་འགྲོའི་ཆ་རྐྱེན་འོག །སྐྲུན་ཚད་ཇེ་མགྱོགས་སུ་གཏོང་བ་དང་ལས་ཡུན་ལྡོག་རྩིས་བྱེད་པ། རྣམ་གྲངས་གང་ནུས་ཀྱིས་སྤེལ་ནས་དུས་ཚོད་ཀྱི་དུས་རིམ་ལྟར་ལས་གྲུབ་ཤར་གཏོང་ཡོང་བར་བྱ་དགོས། སྐྱེ་ཁམས་སྲུང་སྐྱོང་དང་སྒོ་འབྱེད་འཛུགས་སྐྲུན་བར་གྱི་འབྲེལ་བ་ལེགས་པར་ཐག་གཅོད་པ་དང་། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་པ་ལས། འཕེལ་རྒྱས་ཀྱི་དགོས་མཁོའི་དབང་གིས་སྐྱེ་ཁམས་ལ་ཡུན་རིང་རང་བཞིན་གྱི་གནོད་འཚེ་གཏན་ནས་བཟོ་མི་རུང་། ཕྱོགས་སོ་སོའི་ལས་འགན་ནན་གྱིས་ཁུར་ནས་བདེ་འཇགས་ལས་ཀའི་མཐའ་ཐིག་གང་ནུས་ཀྱིས་བསྲུང་དགོས། ཁོང་གིས་ས་གནས་སྲིད་གཞུང་ལ་ཁེ་ལས་ཞབས་ཞུ་འགན་སྲུང་གང་ནུས་ཀྱིས་ལེགས་པར་བསྒྲུབ་པ་དང་། ཁེ་ལས་ལ་དངོས་ཡོད་དཀའ་ངལ་རང་རྟོགས་ངང་མཐུན་རྐྱེན་སྦྱོར་བ་དང་སེལ་རོགས་བྱེད་པ། འཛུགས་སྐྲུན་གྱི་ཁོར་ཡུག་ལེགས་པོ་ཞིག་ཧུར་ཐག་གིས་བསྐྲུན་ནས། རྣམ་གྲངས་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་འགན་སྲུང་གདོན་དགོས།
ཉེ་ཆར། བཙན་ལྷ་རྫོང་མཛེས་ལྗོངས་རི་བོ་སྐུ་བླ་ནི་རྒྱལ་ཁབ་ཀྱི་5Aརིམ་པའི་ལྗོངས་སྐོར་མཛེས་ལྗོངས་སུ་འཕར་མ་ཐག་ཡིན་པས། དེ་ནི་མཛེས་ལྗོངས་གཟི་རྩ་སྡེ་དགུ་དང་མཛེས་ལྗོངས་གསེར་མཚོ། ཝུན་ཁྲོན་དམིགས་བསལ་ལྗོངས་སྐོར་ས་ཁུལ་བཅས་ཀྱི་རྗེས་སུ་བྱུང་བའི་རང་ཁུལ་གྱི་རྒྱལ་ཁབ་ཀྱི་5Aརིམ་པའི་ལྗོངས་སྐོར་མཛེས་ལྗོངས་བཞི་པ་དེ་ཡིན། རང་ཁུལ་གྱི་ལྗོངས་སྐོར་ཐོན་ལས་ཇི་ལྟར་ལེགས་སྒྲུབ་སྟོབས་སྒྲུབ་བྱེད་པར་ཞུས་ཀྲི་ཝུན་གྱིས་ཐུགས་ཁུར་ཟབ་མོ་གནང་ཡོད། མཛེས་ལྗོངས་རི་བོ་སྐུ་བླ་ནས་ཞུས་ཀྲི་ཝུན་གྱིས་མཛེས་ལྗོངས་ཀྱི་འགྲུལ་བ་སྣེ་ལེན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། མཛེས་ལྗོངས་འགྲིམ་འགྲུལ། མེ་འགོག །འཕྲོད་བསྟེན་འགན་སྲུང་སོགས་ཀྱི་ལས་ཀ་ལག་ཏུ་་བསྟར་ཚུལ་ལ་ཞིབ་མོར་རྒྱུས་ལོན་མཛད་དེ། ཁོང་གིས་ནན་གྱིས་བསྟན་དོན། ལྗོངས་སྐོར་ཚོང་ར་ཡི་འཕེལ་རྒྱས་ཆོས་ཉིད་ཡང་དག་པར་ཁོང་དུ་ཆུད་པ་དང་། ཐོན་ཁུངས་དང་འགྲུལ་བ། ཞབས་ཞུ་བཅས་རྒྱུ་རྐྱེན་གསུམ་ལ་དམིགས་ནས་ལེགས་ཆ་སྤེལ་བ་དང་ཞན་ཆ་གསབ་པ། ཁོངས་ཡོངས་ལྗོངས་སྐོར་རིམ་སྤར་ལ་གང་ནུས་ཀྱིས་སྐུལ་མ་གཏོང་དགོས། ཁྱད་ཆོས་མངོན་པར་གསལ་བའི་ཕྱི་རོལ་རིག་གནས་གསར་གཏོད་ཐོན་རྫས་ཧུར་ཐག་གིས་གསར་སྐྲུན་དང་མཛེས་ལྗོངས་ཞབས་ཞུ་སྒྲིག་ཆས་བཀོད་སྒྲིག་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། ཞབས་ཞུ་སྣེ་ལེན་གྱི་ཆུ་ཚད་གང་ནུས་ཀྱིས་ཇེ་མཐོར་གཏོང་བ། མཛེས་ལྗོངས་ཀྱི་ཁང་བ་དང་མཛེས་ལྗོངས། རྟགས་བྱང་སོགས་ཀྱི་བཀོད་སྒྲིག་ལུགས་དང་མཐུན་པར་འཆར་འགོད་བྱེད་པ། འགྲུལ་བ་རྣམས་ལ་རྩེ་ན་སྐྱིད་པ་དང་འགྲིམ་ན་སེམས་བདེ་བར་བྱ་དགོས། སྐྱེ་ཁམས་མ་མདངས་སྔར་བས་སྲུང་སྐྱོང་དང་། སྲུང་སྐྱོང་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་ལམ་ལུགས་ནན་གྱིས་དོན་འཁྱོལ་བྱེད་པ། ནགས་ཚལ་མེ་འགོག་ལས་ཀ་མུ་མཐུད་དུ་དམ་པོར་འཛིན་པ། སྐྱེ་ཁམས་སྒྲིབ་ཡོལ་བརྟན་པོར་བསྐྲུན་དགོས། བཙན་ལྷ་རྫོང་ཟུར་ཡུལ་ཚོ་སྟེང་འོག་གྲོང་ཚོ་ནས་ཞུས་ཀྲི་ཝུན་གྱིས་མཁའ་མཐའི་གྲོང་མཁར་གཡང་གཟར་མགྲོན་ཁང་དུ་ཕེབས་ཏེ། མགྲོན་ཁང་གི་ཚོང་གཉེར་དང་མང་ཚོགས་ཁྲིད་དེ་ཡོང་འཕར་གྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་བསྟན་དོན། བཙན་ལྷ་རྫོང་གི་ས་བབ་ལེགས་ཆ་མངོན་པར་གསལ་བ་དང་ལྗོངས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པས། མིག་སྔའི་ལྗོངས་སྐོར་འཛད་སྤྱོད་མཁོ་འདོན་མགྱོགས་མྱུར་འཕར་བ་དང་ལྗོངས་སྐོར་ལས་རྣམ་མུ་མཐུད་གསར་གཏོད་ཀྱི་གོ་སྐབས་འདི་དམ་པོར་བཟུང་སྟེ། ལྗོངས་སྐོར་དོ་དམ་འདུ་ཤེས་དང་བྱེད་ཐབས་དུས་བབ་དང་བསྟུན་ནས་གསར་བརྗེ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བ། ཚོང་གཉེར་གཙོ་རྟེན་དང་ཡུལ་དེ་གའི་མང་ཚོགས་དང་སྲིད་གཞུང་བཅས་ལ་ཀུན་ཕན་ཡོང་བར་བྱ་དགོས།
བཙན་ལྷ་རྫོང་མི་ཝོ་ཡུལ་ཚོ་ཐོའུ་ཏའོ་གྲོང་ཚོ་ནས། ཞུས་ཀྲི་ཝུན་གྱིས་ཡུལ་དེ་གའི་ས་གཤིས་མངོན་མིན་རྐྱེན་ངན་བཅོས་སྐྱོང་གི་གནས་ཚུལ་ལ་གཟིགས་ཤིང་། ས་གཤིས་གནོད་འཚེའི་དབང་གིས་གནས་སྤར་པའི་མང་ཚོགས་ཀྲའོ་ཧྥུ་ཀྲི་ཚང་དུ་འཚམས་འདྲིར་ཕེབས། ཁོ་དང་མཉམ་དུ་ཁྱིམ་མིར་ལོ་སར་གྱི་སྨོན་འདུན་ཞུས་ཤིང་། ཁོ་ཚོར་མུ་མཐུད་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲངས་པ། རང་སྟོབས་ཞུམ་མེད་དང་མཐུན་སྒྲིལ་རོགས་རེས་ཀྱི་བསམ་བློ་སྤེལ་བ། འབད་བརྩོན་གྱི་ལག་ཟུང་ལ་བརྟེན་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་བར་སྐུལ་མ་བཏང་། ཁོང་གིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཆང་བ་དང་། ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་དམ་པོར་འཛིན་པ་ནི། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་གི་བྱེད་ཐབས་གནད་ཆེན་དུ་འཛིན་པ། མིག་སྔ་གཞིར་བཟུང་སྟེ་ཆེད་ལས་ཉེན་བརྡ་སྔོན་གཏོང་མ་ལག་དང་མཉམ་ཞིབ་མཉམ་འགོག་མ་ལག་འཐུས་ཚང་དུ་གཏོང་བ། གཡོལ་ཐབས་གསུམ་དང་མཁོ་བསྟུན་གནས་སྤར་གསུམ་གྱི་བླང་བྱ་ནན་གྱིས་དོན་འཁྱོལ་བྱེད་པ། ཕུགས་རིང་པོར་དམིགས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྣམ་གྲངས་ཀྱི་རོགས་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱེད་པ། བཅོས་སྐྱོང་བྱེད་ཐབས་མེད་པའི་ཁྱབ་ཁོངས་ཀྱི་ཚན་རིག་གནས་སྤར་ལེགས་པར་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐབས་བརྒྱ་ཇུས་སྟོང་གིས་འགན་སྲུང་བྱ་དགོས།
ཁུལ་གྱི་འགོ་ཁྲིད་ཧྥེང་ཡུས་དང་ལི་ཅན་ཅུན། ཝུན་ཁྲོན་རྫོང་དང་བཙན་ལྷ་རྫོང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་རྟོག་ཞིབ་ལ་ཞུགས་ཡོད་དོ། །