༄༅།།ཀོང་པོའི་ལོ་སར།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-19


བྲག་ཡིབ་ཆུས་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གནས་ཡུལ་ཏེ་ཀོང་པོའི་ཡུལ་གྱི་ལྟེ་བ་ཡིན་པ་དང་། དེར་རི་ཀླུང་ཡིད་དུ་འོང་ཞིང་། ཡུལ་ལྗོངས་ལྟ་ན་སྡུག་པ། རིག་གནས་དམིགས་བསལ་ལྡན་པ་ཞིག་ཡིན། ལྷག་པར་དུ་ཀོང་པོའི་རྒྱན་གོས་དང་སྐད་རིགས། ཐོན་སྐྱེད། འཚོ་བ་རོལ་སྟངས་སོགས་ལ་ཁྱད་ཆོས་མངོན་གསལ་ལྡན། དེ་ཡང་ལོ་སར་ཡང་བོད་ཟླ་བཅུ་པའི་ཚེས་གཅིག་ལ་རོལ་བ་རེད།ཀོང་པོའི་ལོ་སར་ལ་ཐུན་མིན་གྱི་གོམས་སྲོལ་ཡོད་དེ། གཙོ་བོར་འདྲེ་འབུད་པ། སྒོ་ཁྱིར་གསོལ་སྟོན་གཤོམ་པ། ལྕེ་ལྡག་ཟས་མཆོག་ལ་རོལ་བ། ཆུ་ཕུད་ལེན་པ། ཞིང་སའི་ལྷ་མོ་གསོལ་བ་སོགས་ཀྱི་བྱེད་སྒོ་ཡོད་ཅིང་། ས་གནས་མི་གཅིག་ས་ནས་ད་དུང་གླུ་གར་རིག་གནས་དང་རིག་རྩལ་རིག་གནས། དངོས་མིན་ཤུལ་བཞག་རིག་གནས་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་གྱ་ནོམ་པ་ཡོད།    2023ལོའི་ཀོང་པོའི་ལོ་སར་སྐབས།ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས"ཀོང་པོའི་ལོ་སར་བསུ་བའི་སྲོལ་རྒྱུན་རྟ་རྒྱུག་དང་རྟ་རྩལ་འཁྲབ་སྟོན་གྱི་བྱེད་སྒོདང་ཀོང་པོའི་རིག་གནས་རྣམ་པར་བཀྲ་ལ། མཛེས་པའི་བྲག་ཡིབ་མི་སེམས་འགུག"ཅེས་པའི་དངོས་མེད་ཤུལ་བཞག་རིག་གནས་བརྗོད་དོན་གཙོ་བོ་བྱས་པའི་རིག་གནས་འགྲེམ་སྟོན་བྱེད་སྒོ་སྤེལ་ཏེ། ཀོང་པོའི་ལོ་སར་དང་ཀོང་པོའི་རྒྱན་གོས། ཀོང་པོའི་མི་ནག་འཆམ། ཀོང་པོའི་པི་ཤུ་འགྲན་སྡུར། ཀོང་པོའི་དམངས་གཞས། ཀོང་པོའི་མདའ་གླུ། ཀོང་པོའི་མདའ་གླུའི་ཞབས་བྲོ་སོགས་ཀྱི་འཁྲབ་སྟོན་བརྒྱུད་དེ། ཀོང་པོའི་ལོ་སར་དང་ཀོང་པོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མཚར་སྡུག་ངོམས་པར་མ་ཟད། ཀོང་པོ་ས་ཆའི་ལུས་སྦྱོང་གི་རིག་གནས་དང་། མཛེས་དཔྱོད་ཀྱི་རིག་གནས། གོས་རྒྱན་གྱི་རིག་གནས་བཅས་རྒྱུན་འཛིན་བྱེད་པར་ནུས་པ་བཟང་པོ་ཐོན་རྒྱུ་ཡིན་པ་ནི་གོར་མ་ཆགས་པ་ཞིག་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1