རྔ་བ་རྫོང་གིས་གྲོ་མ་བརྐོས་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།

གསར་འགོད་པ། ཀུན་གཟིགས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། གནས་མཆོག་རྔ་བ། སྤེལ་དུས། 03-21


ལོ་རེའི་ཟླ་3པའི་ཟླ་དཀྱིལ་ནས་ཟླ་5བའི་བར་ནི་གྲོ་མ་བརྐོ་བའི་ཆེས་བཟང་བའི་དུས་སྐབས་ཡིན་ལ། དུས་ཚིགས་འདིར་རྔ་བ་རྫོང་གི་མང་ཚོགས་རྣམས་ཀྱིས་གྲོ་མ་བརྐོས་ནས་ཡོང་སྒོ་འཚོལ་གྱིན་ཡོད་པས། གྲོང་གསེབ་དར་རྒྱས་ལའང་སྐུལ་འདེད་གྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད།

གྲོ་མ་ནི་མཐོ་སྒང་ས་ཁུལ་གྱི་རྩྭ་རིགས་སྐྱེ་དངོས་ཤིག་ཡིན་པ་དང་། རྒྱུན་དུ“གྲོ་མ”ཞེས་བརྗོད་ཀྱི་ཡོད། དེ་ནི་མདོ་དབུས་མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་ཟས་མཆོག་གི་གྲས་ཤིག་ཡིན། ས་གནས་མང་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། གྲོ་མའི་ནང་དུ་འཚོ་རྒྱུ་དང་ཀལ། ལྕགས་སོགས་འཚོ་བཅུད་ཕུན་སུམ་ཚོགས་པ་འདུས་ཡོད་པས། ཁྲག་གི་འཁོར་སྐྱོད་ལ་སྐུལ་འདེད་བྱེད་ཐུབ་པ་དང་རིམ་འགོག་གི་ནུས་པ་ཆེ་རུ་གཏོང་ཐུབ།

རྔ་བ་རྫོང་སྒོ་མང་གྲོང་རྡལ་གྱི་མང་ཚོགས་ཀྱིས་བཤད་རྒྱུར། ང་ཚོ་ས་གནས་མང་ཚོགས་ཀྱི་ངོས་ནས་བརྗོད་ན། གྲོ་མ་ནི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་ཟས་མཆོག་ཅིག་ཡིན་པར་ཟད། ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་བའི་འབྱུང་ཁུངས་ནུས་ལྡན་ཞིག་ཀྱང་ཡིན། ང་ཚོས་ཉིན་རེར་ཆ་སྙོམས་གྲོ་མ་རྒྱ་མ་4ནས་རྒྱ་མ་6བར་བརྐོ་ཐུབ། གྲོ་མ་སྐམ་པོ་རྒྱ་མ་གང་རེར་སྒོར་60ལྷག་བྱས་ནས་བཙོང་ཐུབ། ཟླ་བ་གཉིས་གསུམ་ཙམ་བརྐོས་ནའང་ཡོང་འབབ་མི་ཉུང་བ་ཞིག་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1