འབྲིང་བ་ཡུལ་ཚོས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད་ཀྱིས་དཔྱིད་ཀྱི་དྲོ་སྐྱིད་རོལ་བ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-28


ཀྲུང་ཧྭ་མི་རིགས་ཀྱི་རྒན་པར་བརྩི་བཀུར་དང་རྒན་པར་གཅེས་སྐྱོང་། རྒན་པར་རོགས་རམ་བཅས་ཀྱི་སྤྱི་ཚོགས་སྲོལ་བཟང་དར་སྤེལ་གཏོང་ཆེད། ཉེ་ཆར། འབྲིང་བ་ཡུལ་ཚོས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དང་བླངས་སྤྱི་ཕན་གྱི་གཅེས་སེམས་བྱེད་སྒོ་སྤེལ་ནས་ཏང་གི་བརྩེ་སེམས་དང་དྲོ་སྐྱིད་རྒྱ་ཆེའི་མང་ཚོགས་ལ་སྐྱེལ་ནས། ཁོངས་གཏོགས་ཁུལ་གྱི་རྒན་པ་རྣམས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་དོད་པར་རྒྱ་ཆེའི་མང་ཚོགས་ཀྱིས་གདེང་འཇོག་ལེགས་པོ་བྱས།

བརྩེ་བ་ཟབ་མོ་བཅངས་ནས་བློས་ཐུབ་གྲོགས་པོ་བྱེད་པ།  ཏང་ཡོན་ལས་བྱེད་པ་བྱེད་སྒོར་ཞུགས་ནས་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་རྒན་པ་ཚོའི་བསམ་འདུན་ལ་ཉན་ནས་ཁྱིམ་ཚང་གཅིག་གི་སྤྲོ་སྣང་མཉམ་སྤྱོད་བྱས་ཏེ།  རྒན་པ་ཚོར་ཏང་གི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་དུ་བཅུག །

འོས་འགན་ལེགས་སྒྲུབ་ཀྱིས་དཀའ་གནད་སེལ་བའི་མི་བཟང་བྱེད་པ། འབྲེལ་འདྲིས་བྱས་པ་བརྒྱུད་དང་བླངས་པས་ཁོ་ཚོའི་འཚོ་བ་དང་བདེ་ཐང་གི་གནས་ཚུལ། སེམས་ཁམས་དགོས་མཁོ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ། ཁོ་ཚོའི་དཀའ་གནད་སེལ་བཞིན་འཚམས་འདྲི་དང་ཁྲིད་སྟོན་བྱས། དེ་མིན་འོ་མ་དང་སིལ་ཏོག་སོགས་འཚམས་འདྲིའི་དངོས་པོ་སྤྲད། དང་བླངས་བས་རྒན་པ་རྣམས་ཀྱི་འཛུམ་མདངས་ལས་འདུ་ཤེས་ཇེ་བརྟན་དུ་བཏང་ནས་འགན་འཁྲི་ལེགས་འཁུར་བྱས། མ་འོངས་པར་རྒན་པ་རྣམས་ལ་སྤུས་ལེགས་ཞབས་ཞུ་མཁོ་འདོན་བྱས་ཏེ་འཚོ་བའི་དངོས་ཡོད་དཀའ་གནད་སེལ། རྒན་པ་རྣམས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒན་པའི་ལུས་སེམས་བདེ་ཐང་ལ་བྱམས་སྐྱོང་གི་རྨང་གཞི་བཏིངས། 

དྲོད་ཁོལ་ལྡན་པའི་ངང་ལྷན་འཛོམས་ཀྱི་དགའ་སྟོན་ལ་རོལ་བ། དང་བླངས་པ་རྣམས་ཀྱིས་རྒན་པ་ཚོར་གུང་ཟས་གྲ་སྒྲིག་བྱས། རྒན་པ་རྣམས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད།  གྲོང་གསེབ་ཀྱི་རོལ་ཚོགས་གཟབ་རྒྱས་ཤིག་གྲ་སྒྲིག་བྱས། བྱེད་སྒོའི་ཡུལ་དངོས་སུ་ཚང་མ་གླུ་ལེན་གར་རྩེན་ལ་ཞུགས་ནས་སྤྲོ་སེམས་འཕེལ་བའི་དུས་སྐབས་ལ་རོལ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1