སློབ་རའི་བརྙས་བཅོས་སྤྱོད་ངན་སྔོན་འགོག་བྱས་ནས་བདེ་འཇགས་ཀྱི་སློབ་རའི་ཁོར་ཡུག་མཉམ་དུ་བསྐྲུན།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-28


སློབ་མ་ཡོངས་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་དང་འཆམ་མཐུན་གྱི་འཚར་ལོངས་ཁོར་ཡུག་ལེགས་པོ་གཏོད་ཆེད། མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་གིས་ཡུལ་ཚོའི་མངགས་གཏོང་ཁང་དང་ལྟེ་བའི་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས། སྤྱི་ཟླ་3པའི་ཚེས་25ཉིན། སློབ་རའི་བརྙས་བཅོས་འགོག་པའི་བདེ་འཇགས་སློབ་གསོའི་བརྗོད་དོན་བྱེད་སྒོ་སྤེལ། ཡུལ་ཚོའི་ཕྱོགས་བསྡུས་བཅོས་སྐྱོང་གཞུང་དོན་ཁང་དང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཞོན་ནུ་ལོ་ཆུང་གི་ཉེས་གསོག་དཔེ་མཚོན་གྱོད་གཞི་དང་འབྲེལ་ནས་གསོན་ཉམས་དོད་པའི་བརྙན་མིག་དང་གོ་བདེའི་སྐད་ཆའི་ལམ་ནས་སློབ་གྲོགས་ཚོར་སློབ་རའི་བརྙས་བཅོས་དང་གནོད་འཚེ། དེ་ཇི་ལྟར་སྔོན་འགོག་བྱེད་པ། སློབ་རའི་བརྙས་བཅོས་ཕོག་ན་རང་ཉིད་ལ་ཇི་ལྟར་སྲུང་སྐྱོང་བྱེད་པ་སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་དང་བདེ་འཇགས་རྒྱུན་ཤེས་སྒྲོག་འགྲེལ་གནང་།  པར་རིས་དང་བརྙན་ལམ་བརྒྱུད་སློབ་མ་རྣམས་ལ་སློབ་རའི་གཏུམ་སྤྱོད་དང་བརྙས་བཅོས། དེའི་ཤུགས་རྐྱེན་ལ་ངོས་འཛིན་གསལ་པོ་ཡོང་བར་བྱས་ཏེ།  སློབ་མའི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་། 

བསམ་བློ་བརྗེ་རེས་བྱེད་པའི་སྐབས་སུ། སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་དུ་སློབ་གྲོགས་དབར་མཐུན་སྒྲིལ་མཛའ་བརྩེ་དང་ཕན་ཚུན་རོགས་རམ། ཕན་ཚུན་སློབ་སྦྱོང་། མཉམ་དུ་ཡར་ཐོན་ཡོང་བ་བཅས་བྱས་ཏེ། དོན་དག་ལ་འཕྲད་དུས་ཧོལ་རྒྱུག་མི་བྱེད་པར་ཁྲིམས་སྐྱོང་གི་འདུ་ཤེས་བསྐྱེད་ནས་ཁྲིམས་ལྟར་ལས་དོན་སྒྲུབ་ཤེས་དགོས་པ་བཤད། 

ཐེངས་འདིའི་བྱེད་སྒོ་བརྒྱུད། སློབ་གྲོགས་ཚོས་སློབ་རའི་བརྙས་བཅོས་སྔོན་འགོག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རང་སྲུང་རང་གཅེས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་། བརྙས་བཅོས་ལ་ཁ་གཏད་གཅོག་ཐབས་བློ་ལ་ངེས་ནས་སློབ་རའི་བརྙས་བཅོས་འགོག་ཟོན་གྱི་ནུས་པ་ཆེ་རུ་བཏང་། འཆམ་མཐུན་མཛེས་སྡུག་གི་སློབ་ར་བསྐྲུན་པར་ཁོར་ཡུག་ལེགས་པོ་བཏོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1