རྔ་བ་ཁུལ་གྱི་སློབ་མ་6501ད་ལོའི་མཐོ་རྒྱུགས་ལ་ཞུགས་ཡོད།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-09


པར་རིས་རྒྱུ་ཆ།

        སྤྱི་ཟླ་6པའི་7ཉིན། རྔ་བ་གསར་འགྱུར་དྲ་བ་ནས་གནས་ཚུལ་སྤེལ་དོན། འབར་ཁམས་དུ་ལོ་རེར་ཐེངས་རེའི་མཐོ་རྒྱུགས་བྱེད་འགོ་བརྩམས་ཤིང་། མཐོ་རྒྱུགས་ཀྱི་ཉིན་གཉིས་རིང་། རྔ་བ་ཁུལ་གྱི་སློབ་མ་6501ད་ལོའི་མཐོ་རྒྱུགས་ལ་ཞུགས་ཡོད་པ་སྟེ། རྔ་བ་ཁུལ་ཡོངས་ཀྱི་རྒྱུགས་ལེན་ལྟེ་གནས་13གྱི་རྒྱུགས་ར་229རུ་རྒྱ་ཡིག་དང་གྲངས་རིག རིག་ཚན་དང་རྩིས་ཚན། དབྱིན་ཇི་སོགས་ཀྱི་སློབ་ཚན་ཁག་གི་མཐོ་རྒྱུགས་བླངས་ཡོད་པ་རེད།

         རྔ་བ་ཁུལ་གྱིས་རྒྱུགས་ལེན་ལྟ་སྐུལ་དོ་དམ་མི་སྣ་དང་རྒྱུགས་རའི་སྒྲིག་ལམ་སྲུང་མི་སོགས་འབྲེལ་ཡོད་ཞབས་ཞུའི་ལས་ཀར་བཀོད་སྒྲིག་གང་ལེགས་བྱས་ཏེ། རྔ་བ་ཁུལ་གྱིས་ད་ལོའི་མཐོ་རྒྱུགས་བདེ་བླག་ངང་ལེན་པའི་འགན་འཁྲི་དང་ལེན་གྱིས་ བཀོད་སྒྲིག་མཛུབ་སྟོན་གང་ནུས་བྱས་ཡོད་པ་སྟེ། མཐོ་རྒྱུགས་བྱས་པའི་རིང་གནམ་གཤིས་འགྱུར་ལྡོག་དང་། འགྲིམ་འགྲུལ་གནས་ཚུལ་སོགས་ཀྱི་ཐད་དུ་ཞབས་ཞུ་གང་ལེགས་བྱས་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1