མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ལྕི་བའི་སྒྱུ་རྩལ་གྱང་10ལྷག་ཙམ་མཚོ་སྔོན་པོའི་བྱང་ངོགས་སུ་ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མཚོ་འཁྱིལ་རྩྭ་ཐང་དུ་བཞེངས་ཡོད། ཉེ་ཆར། ས་གནས་དེ་གའི་མང་ཚོགས་ཀྱིས་ལྕི་བའི་བཟོ་བཀོད་འགྲན་བསྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་དང་། སྔོན་ཆད་རྩྭ་ཐང་ཐོག་གང་སར་ཐོར་བའི་ལྕི་བ་དག་ད་ལྟ་སྒྱུ་རྩལ་གྱི་བརྩམས་ཆོས་སུ་གྱུར་ནས་རྩྭ་ཐང་ལ་མཛེས་རྒྱན་སྤྲས་ཡོད། བཀྲ་ཤིས་ཕྱུགས་བཞི་དང་སྦྲ་ནག”སོགས་བཟོ་ལྟ་དཔེ་གསར་ཅན་གྱི“ལྕི་སྤུང”སྟེང་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་བཞེངས་ཡོད་པ་ལས། རྩྭ་ཐང་འབྲོག་དམངས་ཀྱིས་འཚོ་བར་བཅངས་པའི་དགའ་ཞེན་མཚོན་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་ཀྱང་དཔྱད་འདེམས་ཚོགས་པ་སྒྲིག་འཛུགས་བྱས་ནས“ལྕི་བའི་གྱང”དེ་དག་ལ་སྐར་རྒྱག་དཔྱད་འདེམས་བྱས་རྗེས་བྱ་དགའི་དངུལ་སྤྲད་དེ།་ མང་ཚོགས་ཀྱིས་བརྩོན་པའི་ལག་ཟུང་དང་རིག་པའི་
རྩལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པར་སྐུལ་ལྕག་བྱས་ཡོད་པ་རེད།
ལྕི་སྤུང་ལས་གྲུབ་པའི་སྒྱུ་རྩལ་གྱི་གྱང་།
ལྕི་བའི་སྒྱུ་རྩལ་གྱང་ཐོག་བཞེངས་པའི་བཀྲ་ཤིས་ཕྱུགས་བཞིའི་རི་མོ།
ས་གནས་དེ་གའི་མང་ཚོགས་ཀྱིས་གསར་གཏོད་བརྗོད་གཞི་ངོ་སྤྲོད་བྱེད་བཞིན་པ།
ལྕི་བའི་སྒྱུ་རྩལ་གྱང་།