ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས་འདི་འགྲེམས་སྤེལ་བྱས་འདུག

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-23


ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣའི་ལས་དོན་སྐོར་ལ་གནང་བའི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

བྱས་རྗེས་ནི་ཤེས་ལྡན་མི་སྣར་བརྟེན་ནས་འཇོག་པ་དང་། བྱ་གཞག་ནི་ཤེས་ལྡན་མི་སྣར་བརྟེན་ནས་གོང་འཕེལ་གཏོང་བ་ཡིན། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཞིག་ཡིན། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཤེས་ལྡན་མི་སྣར་མཐུན་སྒྲིལ། ཤེས་ལྡན་མི་སྣར་སྣེ་ཁྲིད། ཤེས་ལྡན་མི་སྣར་གྲུབ་འབྲས་ཐོབ་རྒྱུར་རམས་འདེགས་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་ཤེས་ལྡན་མི་སྣས་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་བྱས་རྗེས་འཇོག་རྒྱུར་མཐུན་སྒྲིལ་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་མཐའ་འཁྱོངས་བྱས་ཐོག ཏང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གནས་བབ་གཏན་འཁེལ་བྱས་ནས། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣའི་ལས་དོན་ལ་དམིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི་གཟིགས་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། དགོངས་དོན་གཏིང་ཟབ་པོ་ཡོད། དེས་ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་པ་དང་། གང་འདྲ་ཞིག་ནི་ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་ཡིན་པ། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་བཅས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ཡོད་པས། དུས་རབས་གསར་པའི་ཤེས་ལྡན་མི་སྣའི་ལས་དོན་གྱི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ་བྱེད་ཐབས་གསར་པ་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་དང་། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ལྡན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ། འཛམ་གླིང་གི་ཤེས་ལྡན་མི་སྣའི་ལྟེ་གནས་གལ་ཆེན་དང་གསར་གཏོད་མཐོ་ས་གཏོད་མགྱོགས་སུ་གཏོང་རྒྱུ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེའི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་ཤེས་ལྡན་མི་སྣའི་རྨང་གཞི་ཡག་པོ་འདིང་རྒྱུ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།

《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན་7ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་དུམ་བུ་248འདུས་ཡོད་ཅིང་། དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12པ་ནས་2024ལོའི་ཟླ་3པའི་བར་གྱི་སྙན་ཞུ་དང་། གསུང་བཤད། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག འཕྲིན་ལན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་110ལྷག་ཙམ་ནས་བཏུས་ཡོད། དེའི་ནང་གི་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ངང་སྤེལ་ཐེངས་དང་པོ་ཡིན་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1