མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་ཁེར་སྡོད་རྒན་པར་བྱམས་བརྩེའི་རོགས་སྐྱོར་གནང་།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-23


ཁེར་སྡོད་རྒན་པའི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར་ཐེ་བོ་གྲོང་རྡལ་གྱིས་ཁོངས་གཏོགས་ཁུལ་དུ་ཁེར་སྡོད་རྒན་པ་དུ་ཡོད་པ་རྩིས་བླངས་ནས། ཁོངས་གཏོགས་ཁུལ་གྱི་མེ་གསོད་མི་སྣར་མཉམ་འབྲེལ་སྒོས་ཁེར་སྡོད་རྒན་པའི་ཁྱིམ་དུ་རིན་མི་དགོས་པར་དུ་ཚོར་ཉེན་བརྡ་གཏོང་ཆས་སྒྲིག་ནས་ཁོ་ཚོའི་བདེ་འཇགས་ཚོར་སེམས་ཆེ་རུ་བཏང་།

རྒན་པ་རེ་རེའི་ཁྱིམ་དུ་སླེབས་དུས་མེ་གསོད་མི་སྣས་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱས་རྗེས་ཡུལ་དངོས་ནས་ཚོད་ལྟ་བྱས། རྒན་པ་རྣམས་ཀྱི་མེ་འགོག་འདུ་ཤེས་ཞན་པའི་གནས་ཚུལ་ལ་དམིགས་ཏེ། ལས་དོན་མི་སྣས་གོ་སླ་བའི་སྐད་ཆའི་ལམ་ནས་རྒན་པ་རྣམས་ལ་དུ་ཚོར་ཉེན་བརྡ་གཏོང་ཆས་སྤྱོད་སྟངས་དང་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་བཤད་བྱས། དེ་དང་ཆབས་ཅིག་མེ་གསོད་མི་སྣས་ཁེར་སྡོད་རྒན་པར་རིན་མི་དགོས་པར་མེ་གསོད་སྒྲིག་ཆས་བྱིན་ནས་བེད་སྤྱོད་བྱེད་སྟངས་བསླབས། དེ་རྗེས་ཁེར་སྡོད་རྒན་པའི་ཁྱིམ་དུ་གློག་སྐུད་རྙིང་བ་དང་ཐེག་ཚད་ལས་བརྒལ་བའི་གློག་ཆས་སྤྱོད་པ་སོགས་མེ་འགོག་མེ་གསོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་རོགས་བྱས། 

བདེ་འཇགས་ལ་དོན་ཆུང་མེད། དུ་ཚོར་ཉེན་བརྡ་གཏོང་ཆས་སྒྲིག་སྦྱོར་བྱས་པར་ཁོངས་གཏོགས་ཁུལ་གྱི་རྒན་པ་རྣམས་ཀྱིས་གདེང་འཇོག་གང་ལེགས་བྱས། ལས་སྒོ་དེས་རྒན་པ་རྣམས་ཀྱི་རང་ཉིད་ཀྱི་དོགས་ཟོན་འདུ་ཤེས་དང་བདེ་འཇགས་ཚོར་སྣང་ཆེ་རུ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1