དྲ་མིག་ཆུང་ངུའི་སྟོབས་ལ་བརྟེན་ནས་ཆོས་རྗེའི་མེ་ཏོག་ལྡུམ་ར་ལེགས་པོ་བསྐྲུན།

གསར་འགོད་པ། དུས་ལྡན། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-23


གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྒྲིག་བྱས་ཏེ་གཞིས་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཡུལ་ཚོ་ཡོངས་ཀྱི་དྲ་མིག་དོ་དམ་མི་སྣས་སྦྱོར་བ་དངོས་ཀྱིས་ཡུལ་མིའི་ཁོར་ཡུག་གཙང་སྦྲ་སྲུང་སྐྱོང་འདུ་ཤེས་ལ་སྐུལ་ཁྲིད་སྒོས། ཁོར་ཡུག་གཙང་སྦྲའི་གནད་དོན་བཅོས་སྒྲིག་གཙོ་གནད་དུ་བཟུང་སྟེ། ས་གནས་རེ་རེར་དམ་འཛིན་གྱིས་ཡུལ་ཚོའི་ཁོར་ཡུག་སྤུས་ཚད་ཇེ་ལེགསས་སུ་གཏོང་བར་འབད་པ་བྱས། 

 ཟླ་4པའི་ཆོས་རྗེ་ཡུལ་ཚོར་དཔྱིད་ཀའི་མཛེས་ཉམས་ཀྱིས་ཁེངས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར། དྲ་ཆུང་དངོས་གཞིའི་འབྲེལ་ཡོད་ལས་དོན་བླང་བྱ་ལྟར། ཆོས་རྗེ་ཡུལ་ཚོའི་ཏང་ཨུའི་དྲ་མིག་ལྟར་ཚན་པར་བགོས་ཏེ་གྲོང་སྡེའི་ལས་བྱེད་པ་དང་སྡེ་སྡོད་ལས་དོན་རུ་ཁག ཏང་ཡོན་འཐུས་མི། དྲ་མིག་དོ་དམ་པ། རྒྱ་ཆེའི་སྡེ་མི་བཅས་སྒྲིག་འཛུགས་བྱས་ནས། སོ་སོའི་འགན་འཁུར་ས་ཁུལ་གྱི་ལམ་རྒྱུད་དུ་མེ་ཏོག་དང་རྩྭ་འདེབས་བྱེད་སྒོ་སྤེལ་ཏེ་ཆོས་རྗེ་མེ་ཏོག་ལྡུམ་ར་བསྐྲུན། ཐེངས་འདིའི་བྱེད་སྒོར་ཁྱོན་ཁོངས་གཏོགས་ཁུལ་གྱི་མང་ཚོགས་500ལྷག་ཙམ་སྐུལ་སློང་བྱས།

ཆོས་རྗེ་ཡུལ་ཚོའི་དྲ་མིག་དོ་དམ་བྱེད་པའི་རྨང་གཞིའི་ཐོག་གཞི་རིམ་དྲ་མིག་དོ་དམ་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཁྱིམ་གཞིས་འཛུགས་སྐྲུན་གྱི་ཕྱོགས་གང་ཅིའི་ཐད་ལ་ཞུགས་པར་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ། ཡུལ་ཚོ་དང་སྡེ་བ། ཚོ་ཆུང་། དུད་ཚང་བཅས་རིམ་པ་བཞིའི་མཉམ་འབྲེལ་ལས་ཀའི་ལམ་སྲོལ་གསར་འཛུགས་བྱས། མིག་སྔར་ཡུལ་ཚོ་ཡོངས་ཀྱིས་སྒོ་འགྲམ་འགན་ལེན་གསུམ་གྱི་འགན་འཁྲིའི་ཡིག་ཆ་616བཞག འགན་འཁྲི་གསལ་པོ་སྟོན་ནས་ཡུལ་ཚོ་ཡོངས་ཀྱི་དྲ་མིག་མི་སྣས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཁོངས་གཏོགས་ཁུལ་དུ་གད་སྙིགས་གང་བྱུང་དུ་དབྱུག་པ། སྒེར་ནས་ཁང་བ་གང་བྱུང་དུ་བསྐྲུན་པ་སོགས་ཀྱི་གནད་དོན་དག་ཐེར་བྱས་ཏེ་དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་གཏན་འབེབས་གནང་། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་ཆེད། དྲ་མིག་དོ་དམ་པ་དུད་ཚང་དུ་བསྐྱོད་པ་དང་སྐད་འཕྲིན་གྱི་ལམ་ནས་ཁོར་ཡུག་བཅོས་སྒྲིག་གི་དོན་སྙིང་དང་ལས་རིམ་དྲིལ་སྒྲོག་བྱས། སྡེ་མིའི་བདག་པོའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཁོར་ཡུག་བཅོས་སྒྲིག་གི་ལས་སྒོར་ཞུགས་པར་ཁྲིད་སྟོན་གནང་སྟེ། མང་ཚོགས་གཞིས་སྡོད་ཁོར་ཡུག་བཅོས་སྒྲིག་ལས་སྒོར་ཞུགས་པའི་རྣམ་པ་ལེགས་པོ་བསྐྲུན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1