གུང་གསེང་རིང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་124.36ལ་སྣེ་ལེན་བྱས།

ལོ་ཙཱ། ཡེ་ཤེས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 05-07


 "ལྔ་གཅིག"གུང་གསེང་རིང་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་དཀར་མཛེས་ཁུལ་དུ་ཡུལ་སྐོར་ལ་ཡོང་ནས་ལྗོངས་ཁུལ་ཆེ་གྲས་ཁག་ཏུ་ཡུལ་སྐོར་བའི་འཚང་ཁ་ཧ་ཅང་ཆེ། ལྗོངས་ཁུལ་ཡོངས་ཀྱིས་ཞབས་ཞུ་ཡག་པོ་བསྒྲུབས་ནས་ཡུལ་སྐོར་ཁྲོམ་ར་ཉེན་མེད་ཡིན་པ་དང་གོ་རིམ་ལྡན་པ་ཞིག་བསྐྲུན་ཡོད།

ལྔ་གཅིག་གུང་གསེང་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྲི་124.36ལ་སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་13.68མངོན་འགྱུར་བྱུང་ཡོད། 2023ལོ་ལས་བརྒྱ་ཆ་14.77དང་བརྒྱ་ཆ་14.85སོ་སོར་འཕར་ཡོད་པ་རེད། ཕྱི་ཕྱོགས་ལ་སྒོ་ཕྱེ་བའི་Aརིམ་པའི་ལྗོངས་ཁུལ་89ཡིས་ཁྱོན་ཡུལ་སྐོར་བ་ཁྲི་37.03སྣེ་ལེན་བྱས་ནས་སྒོ་འཛིན་ཡོང་འབབ་སྒོར་ཁྲི་744.36ལ་ཟིན་པ་རེད།

དེའི་ནང་། 

དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་0.97ལ་སྣེ་ལེན་བྱས་ཡོད།

འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་2.43ལ་སྣེ་ལེན་བྱས་ཡོད།

ལྕགས་ཟམ་ཁའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་5.14ལ་སྣེ་ལེན་བྱས་ཡོད།

དམུ་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་2.96ལ་སྣེ་ལེན་བྱས་ཡོད།

གསེག་རི་གླིང་ག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་3.02ལ་སྣེ་ལེན་བྱས་ཡོད།

རོང་བྲག་བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་2.58ལ་སྣེ་ལེན་བྱས་ཡོད།

ལི་ཐང་གནའ་གྲོང་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་ཁྲི་2.41ལ་སྣེ་ལེན་བྱས་ཡོད།

གོང་གི་Aརིམ་པའི་ལྗོངས་ཁུལ་བདུན་གྱིས་ཁྱོན་ཡུལ་སྐོར་བ་ཁྲི་19.51ལ་སྣེ་ལེན་བྱས་ཡོད་པ་དང་ཁུལ་ཡོངས་ཀྱི་Aརིམ་པའི་ལྗོངས་ཁུལ་གྱི་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ་52.69ལ་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་གུང་གསེང་རིང་ཡུལ་སྐོར་བ་བསུ་ཆེད་རང་ཁུལ་གྱི་ལས་ཁུངས་ཁག་གིས་རིག་གནས་ཡུལ་སྐོར་ཁྲོམ་རའི་ཉེན་མེད་ཐོན་སྐྱེད་དང་ཁྲོམ་རའི་སྒྲིག་ལམ་དོ་དམ་ལ་ཤུགས་སྣོན་འབད་བརྩོན་བྱས་པར་བརྒྱུད། ཉེན་མེད་དང་གོ་རིམ་ལྡན་པའི་ཡུལ་སྐོར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1