སྤྱི་པའི་རིག་གནས་ཞབས་ཞུ་མཉམ་སྤྱོད་བྱས་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་རོགས་རམ་བྱེད་པ།

གསར་འགོད་པ། ལྷ་མོ་ཚེ་རིང་། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-17


མཛོད་དགེའི་རྫོང་ཡོངས་ཀྱི་ཡུལ་གྲོང་གི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་དང་གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་ཁང་གི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་རིག་གནས་ས་ཚིགས་ཀྱི་ལས་དོན་མི་སྣའི་ལས་སྒོའི་བྱང་ཚད་དང་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་བཏང་། དུས་བབ་གསར་པའི་འོག་གི་གྲོང་གསེབ་རིག་གནས་ས་ཚིགས་ཀྱི་ལས་ཀའི་དགོས་མཁོ་དང་འཚམ་ཆེད། སྤྱི་ཟླ་5ཚེས་14ཉིན། མཛོད་དགེ་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་ཐང་སྐོར་གྲོང་རྡལ་རྨ་ཁུགས་དང་པོའི་མགྲོན་ཁང་ཆེན་མོ་རུ་མཛོད་དགེ་རྫོང་གི་2024ལོའི་གྲོང་གསེབ་རིག་གནས་ས་ཚིགས་ཀྱི་ལས་དོན་གསོ་སྦྱོང་འཛིན་གྲྭ་གཉེར།

ཐེངས་འདིའི་གསོ་སྦྱོང་ཚོགས་འདུའི་དུས་ཡུན་ཉིན་གསུམ་ཡིན། ཚོགས་འདུར་ཞུགས་མཁན་མི་གྲངས་100ལྷག་ཙམ་ཟིན་ཡོད། དེ་ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་13གྱི་ལས་བགོས་འགོ་ཁྲིད་དང་གྲོང་ཚོ་རིམ་པའི་རིག་གནས་ལས་བྱ་88ལས་གྲུབ་པ་རེད། བྱེད་སྒོར་ལས་རིགས་ཀྱི་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ནས《ཡུལ་ཚོ་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས་ཀྱི་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ།》《རིག་གནས་སྲིད་དོན་སྣེ་ལེན་དང་ཇི་ལྟར་འདྲེས་པར་བྱ་རྒྱུ།》 《རིག་གནས་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོར་ཇི་ལྟར་འདྲེས་པར་བྱ་རྒྱུ།》སོགས་ཀྱི་ནང་དོན་ལ་དམིགས་ནས་སྤེལ་བ་རེད།

གཅིག་སྡུད་གསོ་སྦྱོང་བྱས་པ་བརྒྱུད། རྫོང་ཡོངས་ཀྱི་ཡུལ་གྲོང་ཁག་གི་རིག་གནས་ས་ཚིགས་ཀྱི་ལས་དོན་མི་སྣའི་བསམ་བློའི་བྱང་ཚད་དང་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་རིག་གནས་ས་ཚིགས་སུ་གནས་པའི་དཀའ་ངལ་དང་གནད་དོན་ དེ་བས་ཐག་གཅོད་ལེགས་པ་དང་རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུ་བཅས་ལ་བསམ་བློའི་རྨང་གཞི་བརྟན་པོ་བཏིང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1