རྨེ་ཆུ་ཡུལ་ཚོས་ཏང་འཛུགས་ཆ་སྒྲིག་འོས་འགན་སྨན་བཅོས་གྲོང་སྡེར་སྐྱེལ་བའི་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 05-28


ཏང་འཛུགས་སྐྱོང་དང་སྨན་བཅོས་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ནས་འབྲོག་ཁུལ་གྱི་མང་ཚོགས་ཀྱིས་ཡུལ་ཚོ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་ཆེད། སྤྱི་ཟླ་5པའི་ཚེས་25ཉིན། རྔ་བ་ཁུལ་སྨན་ཁང་གི་སྨན་བཅོས་རུ་ཁག་རྨེ་ཆུ་ཡུལ་ཚོར་བསྐྱོད་དེ། མཐའ་མཚམས་ས་ཁུལ་མཉམ་འབྲེལ་ཏང་ཀྲི་པུའུ་ཆ་སྒྲིག་མཉམ་སྐྲུན་དང་སྤོ་འགུལ་སྨན་ཁང་གི་སྤྱི་ཕན་བྱེད་སྒོ་སྤེལ།

ཉིན་དེའི་ཞོགས་པར། ཡུལ་ཚོའི་སྲིད་གཞུང་གི་སྒོ་རར་སྨན་པར་བསྟེན་དུ་ཡོང་བའི་མང་ཚོགས་ཀྱིས་ཁེངས་ཡོད། འོས་འགན་སྨན་བཅོས་ཀྱི་ཡུལ་དངོས་སུ་ཁུལ་སྨན་ཁང་གི་སྨན་བཅོས་རུ་ཁག་གི་ལས་བྱེད་མི་སྣས་སེམས་ནད་དང་རུས་ཚན། ཕྱི་ནད་ཚན་པ། ཀྲུང་ལུགས་དང་ནུབ་ལུགས་གསོ་རིག་གི་ལུས་ཁམས་གསོ་བ་སོགས་འདྲི་སྟེགས་9དང་། མདོག་ལྡན་ནད་བརྟག་3དང་། CTབརྟག་དཔྱད་ཁང་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་སྐོང་། ཡུལ་ཚོའི་སྲིད་གཞུང་གིས་སྒྲིག་འཛུགས་མཐུན་སྦྱོར་བྱས་པ་བརྒྱུད། སྨན་བཅོས་མི་སྣ་20ལྷག་དང་། ཡུལ་ཚོ་དང་གྲོང་སྡེ་རིམ་པ་གཉིས་ཀྱི་དང་བླངས་ཞབས་ཞུ་པ་10ལྷག་གིས་མང་ཚོགས་ལ་སྨན་པར་ནད་གཞི་འདྲི་བ་དང་བརྟག་བཤེར། སྨན་ལེན་པ། བོད་རྒྱ་ཡིག་སྒྱུར་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་མང་ཚོགས་ལ་དྲོ་སྐྱིད་ཚོར་དུ་བཅུག ཐེངས་འདིའི་འོས་འགན་སྨན་བཅོས་བྱེད་སྒོ་ཆུ་ཚོད་6ལ་སྤེལ་བ་དང་། མང་ཚོགས་200ལྷག་ལ་འོས་འགན་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས། རིན་མེད་ངང་མི་55ལ་CTབརྟག་དཔྱད་བྱས། མི་84ལ་Bབརྒལ་ཞིབ་བཤེར་བྱས། སྨན་རྫས་སྒམ་300ལྷག་ཙམ་སྤྲད།

འོས་འགན་སྨན་བཅོས་བྱེད་སྒོའི་ཉིན་དེར་རྨེ་ཆུ་ཡུལ་ཚོའི་ཏང་ཨུའི་འགན་འཁུར་བས་ད་དུང་ཁུལ་སྨན་ཁང་གི་བུད་མེད་དང་བྱིས་པའི་ཏང་ཀྲི་པུའུ་དང་ལྷན་དུ་ཆ་སྒྲིག་མཉམ་སྐྲུན་གྱི་གྲོས་མཐུན་བཞག ཕྱོགས་གཉིས་ཀས་དགེ་མཚན་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྩ་དོན་ལ་གཞིགས་ནས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་སྔར་བས་ཤུགས་ཆེར་བཏང་ནས། ཀྲི་པུའུ་ཡི་ཆ་སྒྲིག་མཉམ་འཛུགས་ཀྱི་རྣམ་པར་བརྟེན་ནས་སྲིད་ཇུས་དྲིལ་བསྒྲགས་དང་བདེ་ཐང་ཤེས་བྱའི་འཆད་ཁྲིད། སྐོར་སྐྱོད་འོས་འགན་སྨན་བཅོས། རིན་ཡོན་མི་དགོས་པར་ལུས་པོར་བརྟག་དཔྱད། ནད་བརྟག་ཞིབ་བཤེར། ལྗང་མདོག་གི་སྨན་བཅོས་དང་སྨན་བཅོས་གཟིགས་སྐྱོང་སོགས་ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1