ཨ་ཆེན་གངས་རྒྱབ་དུ་གཙོད་ཁྱུ་གནས་སྤོར་བའི་དུས་ལ་སླེབས་པ།

ལྷ་སྒྲོན་མཚོས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 05-30


གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུ་འབྱུང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་ནས་རྒྱུས་ལོན་ལྟར་ན། མིག་སྔར་ནི་ཨ་ཆེན་གངས་རྒྱབ་ཀྱི་གཙོད་ཁྱུ་གནས་སྤོར་བའི་དུས་ལ་སླེབས་པས། དོ་དམ་སྡེ་ཚན་གྱིས་གཞུང་ལམ་དུ་རྒྱུ་བཞིན་པའི་ཡུལ་སྐོར་པ་དང་རླངས་འཁོར་ཁ་ལོ་བས་ལས་དོན་མི་སྣའི་མཛུབ་སྟོན་ལ་ཉན་ནས། རང་དགར་གྱིས་སྲུང་སྐྱོང་ཁུལ་ནང་འཛུལ་མི་ཆོག་པ་མ་ཟད་གནས་སྤོར་བའི་གཙོད་ཁྱུ་ལ་ལམ་ཕྱེ་དགོས་པའི་སྐུལ་མ་བྱས།

ཟླ་5བའི་ཚེས་27ཉིན། གཙོད་ཁྱུ་ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་ས་ཁུལ་དུ་མཚོ་བོད་གཞུང་ལམ་བརྒལ་བཞིན་པ།

གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པས“མཐོ་སྒང་གི་རྣམ་ཤེས”ཞེས་འབོད་ཀྱིན་ཡོད། ལོ་རེའི་ཟླ་5བ་ནས་7པའི་བར་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་དང་། བོད་བྱང་ཐང་། ཞིན་ཅང་ཨར་ཅིན་ཧྲན་གྱི་གཙོད་ཁྱུ་ཨ་ཆེན་གངས་རྒྱབ་དུ་གནས་སྤར་ནས་བྲག་ནག་མཚོ་འགྲམ་དུ་རྒྱུད་སྤེལ་དུ་ཡོང་ཞིང་། རིགས་རྒྱུད་སྤེལ་རྗེས་གཙོད་ཕྲུག་ཁྲིད་ནས་སྔོན་གྱི་འཚོ་སྡོད་གནས་སུ་འགྲོ་བ་རེད།

ཟླ་5བའི་ཚེས་27ཉིན། གཙོད་ཁྱུ་ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་ས་ཁུལ་དུ་གནས་སྤོར་བཞིན་པ།

ཨ་ཆེན་གངས་རྒྱབ་ཀྱི་སྨིག་པ་ལ་སྒང་ས་ཁུལ་གྱི་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3001དང་3002ཡོད་ས་ནི་གཙོད་ཁྱུ་གནས་སྤོར་དུས་ངེས་པར་དུ་རྒྱུ་དགོས་པའི་བགྲོད་ལམ་གལ་ཆེན་ཡིན་པ་དང་། གསར་འགོད་པ་ཉིན་ཤས་སྔོན་ལམ་དེ་རྒྱུ་དུས་གཙོད་ཁྱུ་བརྒྱ་ཕྲག་ལྷག་མཚོ་བོད་ལྕགས་ལམ་སྨིག་པ་ལ་སྒང་བྱང་རྒྱུད་ཀྱི་ཟམ་འགྲམ་དུ་རྒྱུ་བཞིན་པ་མཐོང་། ཡང་ཡང་ཚོད་ལྟ་བྱས་པ་བརྒྱུད། དུས་ཚོད་ཕྱེད་ཀའི་རྗེས་དུ་གཙོད་ཁྱུ་དེ་དག་མྱུར་གྱིས་མཚོ་བོད་གཞུང་ལམ་བརྒལ་རེ་ཨ་ཆེན་གངས་རྒྱབ་ལྟེ་གནས་སུ་རྒྱུག་པ་རེད། 

ཟླ་5བའི་ཚེས་27ཉིན། གཙོད་ཁྱུ་ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་ས་ཁུལ་དུ་གནས་སྤོར་བཞིན་པ།

ཟླ་5བའི་ཚེས་27ཉིན། གཙོད་ཁྱུ་ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་ས་ཁུལ་དུ་གནས་སྤོར་བཞིན་པ།

གཙོད་ཁྱུ་གནས་སྤོར་བའི་རིང་ལ། སྨིག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་སུ་སྡོད་པའི་སྐོར་ཞིབ་རུ་མིས་མུ་མཐུད་དུ་མཚོ་བོད་གཞུང་ལམ་འགྲམ་རྒྱུད་ནས་ལམ་ཐིག་ལ་ལྟ་བ་དང་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ་བཞིན་ཡོད། གསར་འགོད་པས་ཡུལ་དངོས་སུ་སྐོར་ཞིང་རུ་མིས་སྔོན་ལ་རྒྱང་མཐོང་ནས་གཙོད་ཁྱུ་དང་གཞུང་ལམ་གྱི་བར་ཐག་ལ་ལྟོས་རྗེས། གཙོད་ཁྱུ་གཞུང་ལམ་དང་ཉེ་བར་བཅར་བའི་དུས་ལ་སླེབས་ཚེ་མི་གཅིག་གིས་ཕྱོགས་རེ་རེ་ནས་རླངས་འཁོར་བཀག་སྟེ་གཙོད་ཁྱུ་མཚོ་བོད་གཞུང་ལམ་བརྒལ་དུ་འཇུག་པ་རེད།

དོ་དམ་སྡེ་ཚན་གྱིས་སྔོན་རྩིས་ལྟར་ན། ཨ་ཆེན་གངས་རྒྱབ་བྲག་ནག་མཚོ་ཡིས་ད་ལོའི་ཟླ་6པའི་ཟླ་མཇུག་ནས་ཟླ་7པའི་ཟླ་དཀྱིལ་བར་གཙོད་ཁྱུས་གཙོད་ཕྲུག་བཙལ་བའི་དུས་བསུ་རྒྱུ་ཡིན་པ་དང་། མིག་སྔར་ནི་གཙོད་ཁྱུ་གནས་སྤོར་བའི་དུས་ཡིན་པས་དོ་དམ་སྡེ་ཚན་གྱིས་ལམ་ནང་དུ་རྒྱུ་བའི་རླངས་འཁོར་དང་ཡུལ་སྐོར་པས་ལས་དོན་མི་སྣའི་ཡུལ་དངོས་མཛུབ་སྟོན་ལ་ཉན་དགོས་པའི་སྐུལ་མ་བཏང་བ་མ་ཟད། གཞུང་ལམ་འགྲམ་རྒྱུད་དང་ལྗོངས་གཟིགས་སྟེགས་བུ་ཁྱབ་ཁོངས་སུ་གད་སྙིགས་མི་འཕེན་པ། རང་དགར་ངང་སྲུང་སྐྱོང་ཁུལ་དུ་འཛུལ་མི་རུང་བའི་འབོད་སྐུལ་བཏང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1