ཁྲོན་བོད་ལོ་རྒྱུས་རིག་གནས་དང་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་རིག་གཞུང་བགྲོ་གླེང་ཚོགས་འདུ།

བཀྲ་ཤིས་ཕུན་ཚོགས། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས།དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་། སྤེལ་དུས། 06-08


    ༢༠༢༤ ལོའི་ཟླ་བ་ ༦ པའི་ཚེས་ ༦ ཉིན། དཀར་མཛེས་ཁུལ་ཨུའུ་མཐའ་ཕྱོགས་གཅིག་གྱུར་པུའུ། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་སི་ཁྲོན་ལོ་རྒྱུས་རིག་གནས་དང་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་རིག་གཞུང་ཚོགས་འདུར་དར་མདོ་མཛའ་གཞས་མགྲོན་བྲང་དུ་ཚོགས་པ་རེད། རིག་གཞུང་བགྲོ་གླེང་ཚོགས་འདུ་དཀར་མཛེས་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་གཙོ་འཇིགས་མེད་རྡོ་རྗེས་གཙོ་སྐྱོང་གནང་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་རིམ་པ་གཉིས་པ་ཏུའུ་ཡུང་པིན་དང་སི་ཁྲོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཙོན་ལི་པོ་སོགས་ཀྱིས་རིག་གཞུང་ཚོགས་འདུའི་ཐོག་དཔྱད་བརྗོད་བྱས། 

     ཐེངས་འདིའི་རིག་གཞུང་ཚོགས་འདུ་ཐོག་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་སློབ་གྲྭ་ཆེ་ཁག་དང་ཞིབ་འཇུག་སྡེ་ཁག་ ༤༣ ཀྱི་དཔྱད་རྩོམ་ ༦༣ འབྱོར་བ་མ་ཚད། དེའི་ཁྲོད་དུ་དཔྱད་རྩོམ་སྤུས་ལྡན་ ༡༠ འདེམས་ནས་སྙན་ཞུ་འབུལ་རྒྱུ་བྱས་པ་རེད། དཔྱད་རྩོམ་གྱི་བརྗོད་གཞི་རྣམ་པ་སྣ་ཚོགས། ལྟ་བ་ཡངས་པོ། ནང་དོན་ཕུན་སུམ་ཚོགས་པ་ཡིན་པས། ཉེ་བའི་ལོ་འདི་དག་རིང་ཁྲོན་བོད་ལོ་རྒྱུས་རིག་གནས་འཕེལ་རྒྱས་དང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་ལོ་རྒྱུས་དང་གནས་བབས་གསལ་པོ་མཚོན་ཡོད།

     ཚེས་ ༦ གི་སྔ་དྲོ་ཆུ་ཚོད་༩ པའི་ཐོག་རིག་གཞུང་ཚོགས་འདུ་དར་མདོའི་མགྲོན་བྲང་གི་ཐོག་རྩེགས་ ༡༣ པའི་ཐོག་ཏུ་ཚོགས་འདུ་དངོས་སུ་འགོ་བརྩམས་པ་ཡིན། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་གཙོ་འཇིགས་མེད་རྡོ་རྗེས་ཚོགས་འདུ་འགོ་ཚུགས་མཛད་སྒོའི་གཙོ་སྐྱོང་གནང་ཞིང་ཤིས་ཚིག་ཕུལ། ཁོང་གིས་ཚོགས་འདུར་ཞུགས་པའི་མཁས་དབང་དག་གིས་ལག་ཏུ་གློག་ཀླད་བཟུང་། རྩོམ་ཆོས་རུམ་དུ་བཅུག། གནམ་གྲུ་དང་ས་འོག་ལྕགས་ལམ་སོགས་ཀྱི་དཀའ་ངལ་ལ་མ་འཛེམས་པར། ཁྲོན་བོད་འགག་སྒོར་ཁམས་པའི་རིག་གནས་ཀྱི་ལྟེ་བ་དར་མདོར་ཕེབས་ཏེ། འཆད་རྩོད་ཀྱི་རྣོ་འདྲེན་པ་འདི་ནི་རིག་གཞུང་ལ་དུང་བའི་མཚོན་རྟགས་ཡིན་ཞིང་། ཁོ་བོས་ཀྲུང་གུང་དཀར་མཛེས་ཁུལ་ཨུ་མཐའ་ཕྱོགས་གཅིག་གྱུར་པུའུ་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་ཚབ་བྱེད་ནས་ཚོགས་ཞུགས་ཀྱི་མི་སྣ་ཀུན་ལ་སྤྲོ་སེམས་ཁོལ་བའི་དགའ་བསུ་ཞུས། 

     མཛད་སྒོ་བསྡུས་པ་ཞིག་གི་རྗེས་སུ་རིག་གཞུང་བགྲོ་གླེང་ཚོགས་འདུའི་འགོ་དངོས་སུ་བཙུགས་པ་དང་དུས་ཚོད་ལ་སྔ་ཕྱི་དྲོ་གཉིས་སུ་བགོས།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་། ཀྲུང་དབྱངས་ཡིག་བསྒྱུར་ཅུས། སི་ཁྲོན་སློབ་ཆེན། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། སློབ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཡུན་ནན་དགེ་འོས་སློབ་ཆེན། ཡུན་ནན་མི་རིགས་ཞིབ་འཇུག་ཁང་། ནེ་ཅང་དགེ་འོས་སློབ་ཆེན། སི་ཁྲོན་མི་རིགས་སློབ་གླིང་བཅས་ཀྱི་མཁས་དབང་ ༡༠ ཡི་ཚོགས་ཐོག་ཏུ་དཔྱད་རྩོམ་གྱི་སྙན་ཞུ་འབུལ་བ་རེད།



    སྔ་དྲོ། གཙོ་སྐྱོང་པ། དཔྱད་བརྗོད་པ། ཏུའུ་ཡུང་པིན།



ཇ་རྟ་ཚོང་ལམ་ལོ་རྒྱུས་ཀྱིས་མི་རིགས་འགྲོ་འོང་མཉམ་འདྲེས་ཀྱི་ཤུགས་རྐྱེན་དང་དེང་དུས་ཀྱི་དོན་སྙིང་།

ལྷ་རྗེ།  ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་།

    དགེ་རྒན་ལྷ་རྗེ་ཡིས་བསྟན་དོན། ཇ་རྟ་ཚོང་ལམ་ནི་གནའ་བོའི་དར་གོས་འགྲོ་ལམ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། ཀྲུང་གོའི་ལོ་རྒྱུས་སྟེང་གི་མི་རིགས་འགྲོ་འོང་དང་རིག་གནས་མཉམ་འདྲེས་ཀྱི་བདེན་དཔང་ཡིན། ཁོ་བོའི་ཞིབ་འཇུག་དེ་ནི་གནའ་བོའི་ཇ་རྟ་ཚོང་ལམ་གྱི་ལོ་རྒྱུས་དོན་སྙིང་དང་དེའི་དེང་རབས་ཀྱི་ཤུགས་རྐྱེན་ཡིན་པས། དཀར་མཛེས་དང་རྔ་བ་ས་ཁུལ་དུ་ཡུལ་དངོས་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེན་བྱས་པའི་རྨང་གཞི་དང་། ལོ་རྒྱུས་ཡིག་ཚངས་དབྱེ་ཞིབ་ཐབས་ལམ། ལོ་རྒྱུས་དཔྱད་བསྡུ་ཐབས་ལམ། ཡུལ་དངོས་རྟོགས་ཞིབ་ཐབས་ལམ་གྱི་སྒོ་ནས་གནའ་ལམ་གྱི་ལོ་རྒྱུས་རྗེས་ཤུལ་ལ་རྟོགས་ཞིབ་དང་ཐོ་འགོད་ཞིབ་མོ་བྱས་པ་ཞིག་ཡིན། གནའ་ལམ་ལ་མ་ལག་ལྡན་པའི་སྒོ་ནས་དུས་རིམ་མི་འདྲ་བའི་ལོ་རྒྱུས་འཕོ་འགྱུར་ཁྲོད་དུ། ཆབ་སྲིད་དང་དཔལ་འབྱོར། རིག་གནས་ལ་སོགས་པའི་ཟུར་མང་པོའི་སྟེང་ཇ་རྟ་ཚོང་ལམ་གྱིས་མི་རིགས་བར་གྱི་ཚོང་ཟོག་འགྲོ་འོང་། རིག་གནས་བརྒྱུད་བསྒྲགས་དེ་བཞིན་སྤྱི་ཚོགས་འཕེལ་རྒྱས་ལ་གནད་ཆེ་བའི་ནུས་པ་ལྡན་པའི་ཞིབ་འཇུག་བྱས་ཡོད། ཁོ་བོས་ཞིབ་འཇུག་གིས་ཇ་རྟ་གནའ་ལམ་གྱིས་རྒྱ་བོད་མི་རིགས་བར་གྱི་སྤེལ་རེས་དང་མཉམ་འདྲེས། གྲངས་ཉུང་མི་རིགས་གཞན་པའི་བར་ཕན་ཚུན་མཉམ་སྤེལ་ལ་ལས་སྟེགས་འདོན་ཡོད།  དེང་དུས་ཀྱི་དོན་སྙིང་ལ་དབྱེ་ཞིབ་ཞིབ་འཇུག་བྱ་དུས། ཇ་རྟ་གནའ་ལམ་གྱི་ལོ་རྒྱུས་རིག་གནས་འབྲེལ་ལམ་ལ་མི་རིགས་མཐུན་སྒྲིལ་དམ་པོ་དང་། ས་ཁུལ་དཔལ་འབྱོར་འཕེལ་རྒྱས་སྐུལ་འདེད། རིག་གནས་ཡུལ་སྐོར་ཐོན་ཁུངས་ནུས་སློང་བཅས་ཀྱི་ཕྱོགས་སུ་མངོན་མིན་གྱི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།



ཁྲོན་བོད་མྱུར་ལམ་གྱིས་ཁྲོན་བོད་ས་ཆའི་འགྲོ་འོང་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཕན་ནུས་གལ་ཆེན་ལྡན་པའི་སྐོར་གླེང་བ།

 

ཧོ་ཅིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་།

 ཞིབ་འཇུག་པ་གཞོན་པ་ཧོ་ཅིང་གིས། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག འབྲི་ཆུའི་དཔལ་འབྱོར་ཁུལ་བཅས་ཀྱི་འཐབ་ཇུས་བཏོན་པ་དང་ལག་བསྟར་དང་བསྟུན་ནས། ཁྲོན་བོད་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་འཛུགས་བསྐྲུན་དེ་དགོས་གལ་ཆེ་བའི་འཐབ་ཇུས་ཤིག་ཏུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་མགྱོགས་སུ་འཛུགས་པ་དང་། ལྷག་པར་དུ་ཁྲོན་བོད་འཐབ་ཇུས་གཞུང་ལམ་ཆེན་པོའི་འཛུགས་བསྐྲུན་ཐད་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཁྲོན་བོད་འགྲིམ་འགྲུལ་གཞུང་ལམ་ཆེན་པོའི་འཐབ་ཇུས་གནས་བབ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་པའི་ངོས་སུ་འགྱུར་ཡོད། ཁྲོན་བོད་མྱུར་བགྲོད་གཞུང་ལམ་གྱི་འཛུགས་བསྐྲུན་དེས་གྲོང་གསེབ་དར་རྒྱས་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་འཐབ་ཇུས་ལག་ལེན་བསྟར་བའི་ཁྲོད་དོན་སྙིང་སྔར་ལས་གལ་ཆེན་ལྡན་པ། དེས་རྣམ་གྲངས་མགྱོགས་པར་འཛུགས་རྒྱུ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་གཏོང་བ། མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་སྐུལ་འདེད་གཏོང་བར་བཅས་ལ་ཕན་ནུས་གལ་ཆེན་ལྡན་པ་རེད།




ཇ་རྟ་གནའ་ལམ་དང་བོད་ཡུལ་རྩོམ་རིག་གི་དེང་རབས་ཀྱི་འགྱུར་བ་གསར་པ་ལ་དཔྱད་པ།

ཀྲའོ་ཀྲི་ཅུན། ལན་ཇུ་སློབ་གྲྭ་ཆེན་མོ།

འབུམ་རམས་པ་ཀྲའོ་ཀྲི་ཅུན་གྱིས་ས་མཚམས་རྒལ་བའི་གཞུང་གཙོ་བོ་བྱས་ཏེ། ས་མཚམས་རྒལ་བའི་ལམ་དེ་ཕྱི་ཕྱོགས་ཐོན་ཁུངས་ལེན་པའི་འགྲོ་ལམ་ཇི་ལྟར་གྲུབ་པ་དང་།ཕྱི་ཕྱོགས་རང་བཞིན་གྱི་འགྱུར་བ་བྱུང་བའི་གལ་ཆེའི་སྒྲིག་གཞི་ལ་གྲོས་ཞིབ་བྱས་ཡོད། ཉེ་བའི་དེང་རབས་ཀྱི་ཇ་རྟ་གནའ་ལམ་ཁྲོད་ཤར་ནུབ་གཉིས་ཀྱི་འགྲོ་འོང་གནས་ཚུལ་འགྱུར་བར་དོ་སྣང་དང་། ཞི་ཁམས་ཤེས་ཡོན་པའི་སྡེ་ཤར་ཕྱོགས་ནས་རྒྱ་ནག་ཏུ་སོང་རྗེས་བོད་དོན་ཚགས་པར་དུས་དེབ་དང་འབྲེལ་བའི་རྒྱ་ཡིག་རྩོམ་རིག་གསར་རྩོམ་ལ་རྟོགས་ཞིབ་དང་དེ་བཞིན། བོད་ཡུལ་བཙུན་པ་དགེ་འདུན་ཆོས་འཕེལ་ལྷོ་རུ་བརྒྱུད་དེ་ལྷོ་ཨེ་ཤ་ཡར་བོད་ཀྱི་རིག་གཞུང་འཆད་གཉེར་བྱས་པ་དེས་བོད་ཡུལ་རྩོམ་རིག་ལ་དེང་རབས་རང་བཞིན་གྱི་ལག་ལེན་སྔར་ཤོས་ཀྱི་སྒོ་འབྱེད་པ་དང་།  དེས་བོད་ཡུལ་རྩོམ་རིག་དང་ཀྲུང་གོའི་དེང་རབས་རྩོམ་རིག་ལ་རྙིང་བསྐྱུར་གསར་ལེན་དང་། བོད་ཡུལ་དང་དེང་རབས་ཀྲུང་གོའི་ལས་དབང་གི་འབྲེལ་བ་མཚོན། དེ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་བསྡུས་བྱས་པའི་ལོ་རྒྱུས་ཡུལ་དངོས་ལ་ཞིབ་ལྟ་དང་གལ་ཆེའི་དོན་སྙིང་ལྡན་ཡོད། ཕྱི་ནང་གི་འབྲེལ་ལམ་འཛུགས་པ་ནི་ཕྱི་ཕྱོགས་སུ་འགྲོ་བའམ་རང་བཞིན་གྱིས་ཕྱི་ཕྱོགས་ནས་ཐོན་ཁུངས་ལེན་པའི་འགྲོ་ལམ་གལ་ཆེན་ཞིག་ཡིན། དངོས་པོ་དང་རིག་གནས་སྤེལ་རེས་ནི་ས་གནས་ཕྱི་ཕྱོགས་རང་བཞིན་གྱི་འགྱུར་བ་འགྲོ་བའི་རྒུལ་ཤུགས་སྒྲིག་གཞི་གལ་ཆེན་ཞིག་ཡིན་པས། ཉེ་བའི་དེང་རབས་ནང་ཇ་རྟ་གནའ་ལམ་གྱི་ཤར་ནུབ་གཉིས་ཀྱི་སྒོ་འབྱེད་བྱས་པ་དེས། བོད་ཡུལ་སྐྱ་སེར་ཤེས་ཡོན་པའི་སྡེ་ཡང་ཤར་དང་ལྷོར་འགྲོ་བ་དང་། བོད་ཡུལ་དེང་རབས་ཅན་དུ་འགྲོ་བའི་ལམ་ཁར་བསྒྱུར་ནས། རིག་གནས་དང་རྩོམ་རིག་གི་གསར་བརྗེ་ནི་ལོ་རྒྱུས་ཀྱི་ཁ་ཕྱོགས་འགྱུར་མཚམས་ཁྲོད་འབྲེལ་བ་རྒྱ་ཆེན་པོ་ཡོད་པའི་ཕྱོགས་གཅིག་ཡིན་ལ། ཇ་རྟ་གནའ་ལམ་གྱི་སྒྲོན་མེ་ལྟ་བུ་བྱས་ཏེ་ཕྱི་ཕྱོགས་ནས་ཐོན་པའི་བོད་དོན་དུས་དེབ་དང་བོད་ཡིག་བརྩམས་ཆོས་ལ་འོད་སྣང་སྟེར་ཞིང་། ཡུལ་དངོས་ནས་བྱུང་བའི་རིན་བྲལ་གྱི་ལོ་རྒྱུས་ཡིག་ཚངས་སྔོག་འདོན་དང་། དེས་བོད་ཡུལ་སྔ་རབས་པའི་དེང་རབས་རྩོམ་རིག་གི་ལག་ལེན་ཕྱིར་མངོན་ཐུབ་པ་མ་ཚད། བོད་ཡུལ་རྩོམ་རིག་དང་ཀྲུང་གོའི་དེང་རབས་རྩོམ་རིག་ལ་རྙིང་བསྐྱུར་གསར་བརྗེའི་ངོས་འཛིན་ཐུབ་ཀྱིན་ཡོད། དེའི་ཁྲོད་དུ་བོད་ཡུལ་སྐྱ་སེར་ཤེས་ཡོན་པའི་སྡེ་ཡི་བསམ་བློའི་འགྱུར་བར་བརྒྱུད། དེང་གི་བར་དུ་བོད་མི་དམངས་ཀྲུང་གོའི་དེང་རབས་གསར་བརྗེའི་ནང་དུ་ཇི་ལྟར་འདྲེས་པའི་རྟོགས་ཞིབ་དཔྱད་ཡིག་གལ་ཆེན་ཞིག་ཡིན་པས། སླར་ཡང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་མཉམ་འཛོམས་དང་གྲུབ་པའི་རྒྱུད་རིམ་ཁྲོད་ཀྱི་བདེན་དཔང་དངོས་ཡིན།  མདོར་དོན། ཁྲོན་བོད་ཇ་རྟ་གནའ་ལམ་གྱིས་བོད་ཡུལ་དང་དེང་རབས་ཀྲུང་གོའི་ལས་དབང་གཅིག་ཏུ་འབྲེལ་བ་དང་། དེས་བོད་ཀྱི་ཤེས་ཡོན་པའི་སྡེ་ཡི་བསམ་བློའི་འགྱུར་བར་སྐུལ་སྤེལ་བྱས་པ་མ་ཚད་དེ་ལྟར་བོད་ཡུལ་རྩོམ་རིག་གི་དེང་རབས་ལ་འགྱུར་བ་གསར་པ་བསྐྲུན་ཡོད།




མན་ཇུ་རྒྱལ་རབས་དུས་མཇུག་གི་ཁྲོན་མཐའི་སྲིད་ཇུས་གསར་པ་དང་ཁམས་ཁུལ་གྱི་མི་རིགས་མཉམ་འདྲེས་ཐད་ཀྱི་ཞིབ་འཇུག

 ཏའེ་ཝེ། ནེ་ཅང་དགེ་འོས་སློབ་ཆེན།

དགེ་རྒན་ཆེན་མོ་བ་ཏའེ་ཝེ་ཡིས། ཀྲའོ་ཨེར་ཧྥེང་གིས་དམག་སྡོད་ས་སློག་དང་། ཚོང་འགྲུལ། གཏེར་སློག དམག་སྦྱོང་། དཔོན་བཙུགས། སློབ་གྲྭ་དར་སྤེལ་བཅས་ལ་མཐའ་དོན་དྲུག་ཏུ་བཀོད། ཁམས་ཁུལ་ལ་སྲིད་ཇུས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། དེང་རབས་ཀྱི་ཤེས་དཔལ་ལུགས་སྲོལ། ཉེ་རབས་སློབ་གྲྭའི་སློབ་གསོའི་མ་ལག་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་སོགས་ཁམས་ཁུལ་དུ་སྤེལ་བ་ནས་བཟུང་། ཁམས་ཁུལ་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་འདུ་ཤེས་ཉིན་བཞིན་བརྟན་པོར་ཕྱིན་ཡོད། རྒྱ་རིགས་མང་ཚོགས་ཁམས་ཁུལ་དུ་ཡོང་བ་དང་ཆབས་ཅིག་རྒྱ་བོད་མང་ཚོགས་བར་གྱི་འབྲེལ་འདྲིས་ཉིན་བཞིན་མང་བས་ཁམས་ཁུལ་གྱི་མི་རིགས་བར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ཟབ་ཏུ་ཕྱིན་ཡོད། ཀྲའོ་ཨེར་ཧྥེང་གིས་སི་ཁྲོན་མཐའ་མཚམས་ས་ཁུལ་དུ་སྲིད་ཇུས་གསར་པ་ཁྱབ་སྤེལ་བཏང་བའི་དམིགས་ཡུལ་ནི་དཀར་མཛེས་བོད་རིགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ནང་ལོགས་རྒྱ་རིགས་དང་གཅིག་མཐུན་ཡོང་བ་བྱས་ནས་རྒྱལ་ཁབ་ཀྱི་འདོད་བློ་ཁམས་ཁུལ་གྱི་ནང་ཁུལ་ལ་གཏིང་ཟབ་ཏུ་གཏོང་ཡོད། ཀྲའོ་ཨེར་ཧྥེང་གིས་ཁམས་ཁུལ་གྱི་ལས་འགན་འཁུར་ཡུན་ཐུང་བ་དང་འབྲེལ་ཡོད་སྲིད་ཇུས་དོན་འཁྱོལ་བྱེད་བྲེལ་ཆེ་བ། ཡང་ན་རུའུ་ཚང་གི་མི་ཆོས་རིག་པ་ལ་བརྟེན་ནས་བོད་རིགས་སྤྱི་ཚོགས་སྒྱུར་བཀོད་བྱ་རྒྱུའི་ནན་བཤད་བྱེད་དྲགས་པས་མི་རབས་རྗེས་མའི་སྐྱོན་འཛུགས་བྱ་ཡུལ་དུ་འགྱུར་མོད། འོན་ཀྱང་སྲིད་ཇུས་གསར་པའི་བྱེད་ཐབས་ལས་བྱུང་བའི་ཤུགས་རྐྱེན་ཟབ་མོ་དེར་སྣང་ཆུང་བྱེད་མི་རུང་། ཁྲེན་དབྱིན་ཁེ་ཡིས་གནའ་རབས་ཀྱི་གཞུང་ལུགས་ལ་རྒྱུས་ལོན་དང་གདུང་སེམས་མཉམ་སྐྱེ་བྱེད་དགོས་ཞེས་བསྟན་མྱོང་ཡོད། ལྟ་བ་ཁ་ཤས་ལ་ལོ་རྒྱུས་རྒྱབ་ལྗོངས་དང་དངོས་ཡོད་ཀྱི་རྨང་གཞི་ཡོད་པས། ལོ་རྒྱུས་ཀྱི་ཁྱབ་ཁོངས་སུ་ལོག་ཚེ་ད་གཟོད་གོ་བ་ལེན་ཐུབ། རུས་མིང་ཀྲའོ་ཡིས་སི་ཁྲོན་མཐའ་མཚམས་སུ་སྲིད་ཇུས་གསར་པ་ཁྱབ་སྤེལ་བཏང་ནས་སི་ཁྲོན་དང་ཁམས་པ་གཉིས་གཞི་གཅིག་ཏུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་དེ་ནི་དོན་དངོས་ཐོག་མི་རིགས་ཀྱི་ཉེན་ཁ་དང་མཐའ་མཚམས་ཀྱི་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན། དུས་མཚུངས་སུ་བོད་ལྗོངས་ལ་ཀྲང་དབྱིན་ཐང་གིས་བྱེད་ཐབས་དེ་རིགས་སྤྱད་དེ་ཀྲའོ་ཨེར་ཧྥེང་གི་ཁམས་ཁུལ་གྱི་སྲིད་ཇུས་གསར་པ་དང་རྒྱང་རིང་ནས་གཅིག་རམ་གཅིག་རོགས་བྱེད་ཐབས་བྱས་པས་མན་ཇུ་རྒྱལ་རབས་ཀྱི་དུས་མཇུག་ཏུ་མཐའ་མཚམས་ས་ཁུལ་གྱི་རིག་གནས་གྲུབ་ཚུལ་གཅིག་མཚུངས་དང་མི་རིགས་མཉམ་འདྲེས་ཀྱི་མཐོ་རླབས་ཤིག་འཕྱུར་ཡོད།


པེ་ཅིང་དུ་ཕེབས་པའི་ལམ། མིང་རྒྱལ་རབས་དུས་འགོ་ཀརྨ་པ་སྐུ་ཕྲེང་ལྔ་པ་གོང་མའི་མདུན་དུ་མཇལ་འཕྲད་འགྲོ་བའི་སྐབས་ཀྱི་ལམ་བར་གྱི་འབྲེལ་བ་བསྒྲུབ་པ།

གངས་ཅན་ཚོ།  ཙོན་ལི་པོ།  སི་ཁྲོན་སློབ་ཆེན།

     གངས་ཅན་ཚོ་དང་ཙོན་ལི་པོ་ཡིས། ཀརྨ་པ་དེ་བཞིན་གཤེགས་པ་པེ་ཅིང་ལ་ཕྱིན་པ་དང་ཕྱིར་བོད་དུ་ལོག་པའི་ལམ་བར་ཞིབ་འཇུག་གི་རྨང་གཞིར་བྱས་ཏེ། འགྲོ་ལམ་བར་ཀྱི་མིའི་ལོ་རྒྱུས་བྱ་འགུལ་ཞིབ་དཔྱད་གཙོ་བོར་འཛིན་ནས། མིང་རྒྱལ་རབས་ཀྱི་དུས་འགོ་རུ་ཀརྨ་པ་ཇི་ལྟར་པེ་ཅིང་ལ་ཕྱིན་པ་དང་ལམ་བར་གྱི་གྲུབ་མཐའ་བར་ལ་འབྲེལ་འདྲིས་གང་འདྲ་བྱས་པ་གསལ་དུ་སྟོན་པ།  བརྒྱུད་རིམ་འདིའི་ཁྲོད་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་སུ་བཀའ་བརྒྱུད་པའི་གྲུབ་མཐའི་སྟོབས་ཤུགས་རྒྱ་སྐྱེད་དུ་བཏང་ནས། མདོ་དབུས་མཐོ་སྒང་གི་ས་ཁོངས་མི་འདྲ་བའི་ཆོས་སྲིད་བར་གྱི་མཉམ་འབྲེལ་ལ་སྐུལ་འདེད་བཏང་ཡོད་ཅིང་། མིང་རྒྱལ་རབས་ཀྱི་བོད་སྐྱོང་གི་ཤུགས་རྐྱེན་ཐེབས་ཤུགས་དེ་བགྲོད་ལམ་རྒྱུད་ཀྱི་ས་ཁོངས་སྤྱི་ཚོགས་ནང་དུ་འདྲེན། བོད་ཀྱི་ཡིག་ཚངས་ནས་བལྟས་ན། བོད་ཀྱི་བླ་སྤྲུལ་ཆེ་ཁག་དག་གི་མཇལ་འཕྲད་ཀྱི་ལམ་བར་དུ་ཆོས་སྲིད་འབྲེལ་བ་དོ་ཁུར་བྱས་ཏེ། བོད་རིགས་ཀྲུང་གོའི་གཅིག་གྱུར་ཆེན་པོའི་འབྲེལ་བསྒྲོམ་གཞིའི་ལོས་རྒྱུས་ཁྲོད་དུ་འདྲེས་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ཞིབ་འཇུག་སྔར་བས་ཇེ་ཟབ་དང་རྒྱུས་ལོན་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད།


ཕྱི་དྲོ།  གཙོ་སྐྱོང་པ་དང་དཔྱད་བརྗོད་པ། ཙོན་ལི་པོ།


ལ་ངན་རུས་མཛོད་ཐོག་རྒྱ་ཡི་རུས་དང་བོད་ཀྱི་མིང་ངམ་རྒྱ་བོད་མི་མིང་མཉམ་དུ་གནས་པའི་སྣང་ཚུལ་རྟོག་ཞིབ།

   ---མན་ཇུ་རྒྱལ་རབས་ཀྱི་རྒྱ་བོད་བར་རྒལ་ས་རྒྱུད་ཀྱི་རུས་མིང་གི་རིག་གནས་གཞིར་བཟུང་པ། 

ཧྲི་ཧྲུའུ་ཡཱ།  སི་ཁྲོན་མི་རིགས་སློབ་གླིང་།

སྟོན་དོནཀྱིས་མིང་བཏགས་དུས་མཚོན་རྒྱལ་རབས་དང་མན་ཇུ་རྒྱལ་རབས་རུས་མཛོད་བཞིན་་ངནགྱི་གསར་སྤེལ་གྱི་འགྲོ་འོང་བསྡུས་གཟུགས་ཤིགཁོ་མོ་མཚོན་ལྟར།ལ་ངན་ནི་བོད་ཀྱི་ཚོང་པས་དང་བར་གྱི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་པའི་བརྒྱུད་རིམ་དང་། བོད་ཀྱི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་ཚུལ་་རྒྱལ་རབས་ནས་བཟུང་རྒྱ་་ཁག་གཅིག་ལ་ངན་དུ་སླེབས་པ་དང་། ཁོ་ཚོས་ཐོག་མར་ས་ཆ་དེ་རི་དྭས་རྔོན། རིམ་བཞིན་མཇུག་མཐར་གཞིས་ཆགས་པ་ཡིན། རྒྱ་བོད་མི་མང་གཏན་སྡོད་བྱས་པ་དང་བསྟུན། རྒྱ་བོད་རིག་གནས་ཀྱིས་ས་གནས་དེའི་རིག་གནས་ལ་ཤུགས་རྐྱེན་ཐེབས་པ་དང་། ལ་ངན་ལས་རྒྱ་རུས་་རྗེས་སུ་བོད་མིང་བཏགས་པ་དང་རྒྱ་བོད་གཉིས་ཀྱི་མི་མིང་མཉམ་དུ་གནས་པའི་སྣང་ཚུལ་་བྱུང་། རྒྱ་་ཁག་གཅིག་ལ་ངན་སར་སླེབས་རྗེས། ཐབས་མཁས་པའི་སྒོ་ནས་རྒྱའི་རུས་མིང་གི་རྗེས་སུ་བོད་མིང་བཏགས་པའི་ཐབས་སྤྱད་དེ། རྒྱ་མིང་སོར་འཇོག་བྱེད་པའི་དུས་མཚུངས་སུ་རང་ཉིད་མགྱོགས་མྱུར་ས་གནས་དེ་གར་འདྲེས་པར་བྱེད་ཐུབ་ཅིང་། རྒྱ་་ལ་ལ་ནི་ས་གནས་དེ་གའི་བོད་རིགས་དང་ཀུས་ཆུང་མི་དང་གཉེན་སྒྲིག་བྱས་རྗེས། རྒྱ་རུས་་རྗེས་སུ་བོད་མིང་བཏགས་པ་དང་རྒྱ་བོད་གཉིས་ཀྱི་མི་མིང་མཉམ་དུ་གནས་པའི་སྣང་ཚུལ་བྱུང་། དེ་། ལ་ངན་ལས་རྒྱའི་རུས་་རྗེས་སུ་བོད་མིང་བཏགས་པ་དང་རྒྱ་བོད་གཉིས་ཀྱི་མི་མིང་མཉམ་དུ་གནས་པའི་སྣང་ཚུལནི་ལ་ངན་ས་ཁུལ་་འགྲོ་པའི་མཚོན་རྟགས་ཞིག་ཡིན་ལ།  རྒྱ་བོད་དང་ཀུས་ཆུང་མི་ཚོགས་ཀྱི་མཉམ་འབྲེལ་གྱི་ལོ་རྒྱུས་ཀྱང་ཡིན། སྐད་ཡིག་གི་བཀོལ་སྤྱོད་ནི་ས་གནས་དེ་གའི་རིག་གནས་ཀྱི་མཚོན་རྟགས་ཡིན་པ་དང་། རུས་མིང་བདམས་ལེན་གྱིས་དུས་དེ་གནས་པའི་རིག་གནས་ཀྱི་གནས་ཚུལ་ཐུབ། དེ་བས་་རྒྱལ་རབས་སྐབས་ཀྱི་ལ་ངན་སྣང་ཚུལ་ལས་རྒྱ་བོད་བར་རྒལ་གྱི་ས་རྒྱུད་དུ་བོད་དང་། རྒྱ་རིགས། ཀུས་ཆུང་བཅས་ཀྱི་རིག་གནས་མཉམ་འདྲེས་ཀྱི་ལོ་རྒྱུས་ཀྱི་རྣམ་པ་ཡང་མཚོན་ཐུབ་པ་ཡིན།


བོད་དབྱི་འབྲེལ་ལམ་ཐོག་གི་འབའ་ཐང་ས་ཁུལ་གྱི་རྒྱ་བོད་དམངས་ཁྲོད་དད་མོས་ལས་མི་རིགས་འགྲོ་འོང་མཉམ་འབྲེལ་ཀྱི་ཞིབ་འཇུག

 ཡེ་ཤེས་ལྷ་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།

    དགེ་རྒན་ཡེ་ཤེས་ལྷ་མོས། བོད་དབྱི་ས་རྒྱུད་ཀྱི་འབའ་ཐང་ས་ཁུལ་ནི་རང་རྒྱལ་གྱི་མི་རིགས་མང་པོའི་གནས་སྤོ་བྱེད་པའི་ས་ཆ་ཞིག་ཡིན་པ་དང་། མན་ཇུ་རྒྱལ་རབས་ཀྱི་སྐབས་སུ་སི་ཁྲོན་དང་ཧྲའན་ཞི་སོགས་ཀྱི་རྒྱ་རིགས་འབའ་ཐང་ས་ཁུལ་དུ་གནས་སྤོས་ལ། ཀྲུང་ཡོན་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་དང་ས་གནས་དེ་གའི་རིག་གནས་སྤེལ་རེས་མཉམ་འདྲེས་བྱུང་ནས། རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་དམངས་ཁྲོད་དད་མོ་དང་སྲོལ་རྒྱུན་དུས་ཆེན་དར། མི་རྣམས་ཀྱིས་དམངས་ཁྲོད་ཀྱི་གོམས་སྲོལ་ཁྲོད་དུ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་སུ་བཏང་པ་མ་ཟད། དུས་མཚུངས་སུ་མི་རིགས་སོ་སོའི་སྐྱིད་སྡུག་མཉམ་ཁུར་དང་འཆམ་མཐུན་མཐུན་སྒྲིལ་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད། དཔྱད་རྩོམ་འདིས་བོད་དབྱི་འབྲེལ་ལམ་ལས་འབའ་ཐང་ས་ཁུལ་ཀྱི་དམངས་ཁྲོད་དད་མོ་དང་ཡུལ་སྲོལ་ལ་ཞིབ་འཇུག་བྱས་ནས། འབའ་ཐང་ས་ཁུལ་དུ་རྒྱ་ནག་གི་དམངས་ཁྲོད་དད་མོའི་འཕེལ་རིམ་དང་ཁྱད་ཆོས་གླེང་ཡོད་ལ། རྒྱ་བོད་རིག་གནས་སྤེལ་རེས་བྱེད་སྟངས་དང་དེ་བཞིན་ས་ཁོངས་དེའི་སྤྱི་ཚོགས་རིག་གནས་ལ་ཤུགས་རྐྱེན་ཐེབས་ཚུལ་སོགས་དབྱེ་ཞིབ་བྱས་ཏེ། མི་རིགས་ས་རྒྱུད་ས་ཁོངས་སོ་སོའི་མི་རིགས་བར་གྱི་འགྲོ་འོང་མཉམ་འདྲེས་དང་། མཉམ་དུ་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་པའི་མི་རིགས་ཁག་གི་ངོས་འཛིན་གཅིག་མཐུན་དང་འཆམ་མཐུན་མཐུན་སྒྲིལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་ལྡན་ཡོད།


ཧོ་ཧྲུའོ་ཐེ་དམག་དཔུང་ལྷོ་ཕྱོགས་ཁམས་ཁུལ་ལ་བསྐྱོད་པ་དང་དེའི་དབང་སྒྱུར་ལ་ཞིབ་འཇུག་བྱེད་པ།

 ཧེང་ཆིང་།  ཡུན་ནན་དགེ་འོས་སློབ་ཆེན།

འབུམ་རམས་པ་ཧེང་ཆིན་གྱིས། མིང་རྒྱལ་རབས་ཀྱི་དུས་མཇུག་ཧོ་ཧྲུའོ་ཐེའི་དམག་དཔུང་ལྷོ་ཕྱོགས་ཀྱི་ཁམས་ཁུལ་དུ་དཔུང་འཇུག་བྱས་ཏེ། རིམ་བཞིན་ས་ཁུལ་དེ་ལ་ཚོད་འཛིན་དང་དོ་དམ་བྱས་པ་རེད། མན་ཇུ་རྒྱལ་རབས་ཀྱི་དུས་འགོར་མན་ཇུ་སྲིད་གཞུང་གིས་སི་ཁྲོན་ལ་དཔུང་འཇུག་པ་ནས་རིམ་བཞིན་ཁྱོན་ཡོངས་བརྟན་བརླིང་བྱུང་རྗེས། སྔར་བཞིན་ཡུལ་དཔོན་གྱི་ལམ་ལུགས་ལ་བརྟེན་མངོན་མིན་གྱི་ས་མཐའ་བཅོས་སྐྱོང་བྱས་པ་རེད། དར་མདོ་ས་ཁུལ་དེ་སྔོན་ལྕགས་ལ་རྒྱལ་པོའི་མངའ་དབང་ཧོ་ཧྲུའོ་ཐེའི་དམག་སྒར་གྱི་ལག་ཏུ་ཤོར། མན་ཇུ་རྒྱལ་རབས་ཀྱིས་ཡུལ་ཕྱོགས་མང་ཤོས་རྒྱལ་མོ་རྔུལ་ཆུ་ས་མཚམས་བྱས་ཏེ་ཕལ་ཆེར་དུས་རབས་ཕྱེད་ཙམ་ལ་བརྟན་འཇགས་བྱུང་ཡོད། མན་ཇུ་རྒྱལ་རབས་ཀྱི་དུས་འགོ་མན་ཇུ་སྲིད་གཞུང་གིས་ཁམས་ཁུལ་གྱི་ས་མཐའི་ཡུལ་དཔོན་དག་ལ་གཉེར་སྐྱོང་བྱེད་ནུས་མེད་པ་ཆགས། དར་མདོའི་གཡུལ་འགྱེད་ཀྱི་རྗེས་རྒྱལ་མོ་རྔུལ་ཆུ་དང་ཉག་ཆུའི་ཤར་ངོས་བར་རྒྱལ་ཁབ་ཀྱི་བཅོས་སྐྱོང་ཐོག་མ་མངོན་འགྱུར་བྱུང་ཡོད། འདིས་མན་ཇུ་རྒྱལ་རབས་དུས་འགོའི་ས་མཐའ་གནས་བབ་ཀྱི་འགྱུར་ལྡོག་མཛོན་ཡོད། རྒྱ་ཆེའི་བོད་ཁུལ་གྱི་བརྟན་ལྷིང་བཅོས་སྐྱོང་དང་དེ་བཞིན་མི་རིགས་གཅིག་གྱུར་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཧོ་ཧྲུའོ་ཐེ་དམག་དཔུང་དར་རྒྱས་ཀྱི་རྒྱུད་རིམ་ལ་བལྟས་ན། དེ་འཚོ་གནས་ཀྱི་ཆེད་དུ་ཡིཔ་དང་། རིམ་བཞིན་དགེ་ལུགས་པའི་གྲུབ་མཐའ་ལ་དད་མོས་སྲུང་སྐྱོབས་བྱས་པའི་རྣམ་པ་རུ་གྱུར། བོད་ཡུལ་དབུས་གཙང་ཕྱོགས་སུ་བསྐྱོད་ནས་ཁེ་ཕན་རྙེད་པ་དང་ཧོ་ཧྲུའོ་ཐེ་ཡིས་བོད་ལ་དོ་དམ་བྱས་པའི་རྒྱུད་རིམ་དེས་ཁ་མཐོར་ནས་གཅིག་གྱུར་གྱི་ལོ་རྒྱུས་སུ་སྤྱོད་པའི་གོམ་ཁར་དེ་མངོན་ཡོད་པ་རེད། བོད་ཡུལ་དུ་བཙན་པོའི་དུས་སྐབས་ནས་བཟུང་། ལོ་བརྒྱ་ཕྲག་དུ་མའི་དུས་ཚོད་རྗེས་ཙམ་ལ་ཧོ་ཧྲུའོ་དམག་དཔུང་གི་གུ་ཤྲིས་གཅིག་གྱུར་བྱས་མ་ཚད། དེའི་བཅོས་སྐྱོང་འོག་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེའི་གཞི་རྩའི་བཅོས་སྐྱོང་བྱེད་སྟངས་ནི་ཧོ་ཧྲུའོ་ཐེ་དམག་དཔུང་གིས་ས་གནས་སོ་སོར་དམག་སྒར་བཅའ་སྡོད་བྱེད་པ་ནས་ཁྲལ་འུལ་འདེད་བསྡུས་ཏེ། དགེ་ལུགས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱསཆབ་སྲིད་དང་ཆོས་ལུགས་ཟུང་འབྲེལ་བྱས་ཏེ་ཁམས་ཁུལ་ཁོ་བོའི་དོ་དམ་འོག་གཅིག་གྱུར་བྱུང་པ་རེད། ཧོ་ཧྲུའོ་ཐེ་ཡིས་མན་ཇུ་གོང་མས་སི་ཁྲོན་མངའ་འོག་མ་བསྡུས་སྔོན་དར་མདོ་ལ་དམག་སྒར་བསྡད་པ་དང་རྒྱལ་མོ་རྔུལ་ཆུའི་ཉེ་འགྲམ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད།  ཧོ་ཧྲུའོ་ཐེ་ལྷོ་ཕྱོགས་སུ་བསྐྱོད་པ་དེས་བོད་ཁུལ་གཅིག་གྱུར་བྱུང་པ་མ་ཟད།  ཆིང་སྲིད་གཞུང་དང་དུས་རབས་ཕྱེད་ཀ་ལྷག་ཙམ་བརྟན་བརླིང་རྒྱུན་འཁྱོངས་བྱུང་བ་དང་། མན་ཇུ་རྒྱལ་རབས་ཀྱི་མཐའ་མཚམས་བཅོས་སྐྱོང་དང་གསར་སྤེལབོད་ཁུལ་དེ་ཤར་ནས་ནུབ་ཏུ་རིམ་བཞིན་རྒྱལ་རབས་ཀྱི་ཐད་ཀའི་བཅོས་སྐྱོང་མ་ལག་ནང་བཅུག་པ་མ་ཚད་དོ་དམ་གྱི་མཐའ་མཚམས་གསལ་པོར་ཕྱེབ་སོགས་བསྟན་ཡོད།



ནུབ་ཕྱོགས་རྒྱལ་ཁབ་ཁྲོད་དུ་ཀྲུང་གོའི་བོད་ཀྱི་རིགགནས་ཁྱབ་སྤེལ་གཏོང་བའི་སྔོན་བྱོན་དར་མདོ་མི་ཉག་ཨ་ཀྱ་ཁ་པའི་བུ་མོའི་གྲུབ་འབྲས་ཞིབ་འཇུག་དང་དེའི་མི་རྒྱུད་འཚོལ་མྱུལ

 པད་མ་གཡུ་སྒྲོན། ཡུན་ནན་མི་རིགས་སློབ་ཆེན།

དགེ་རྒན་པད་མ་གཡུ་སྒྲོན་གྱི། ལོ་ངོ ༡༠༠ ཡི་ཡར་སྔོན་དར་མདོ་མི་ཉག་ཨ་ཀྱ་ཁ་པའི་མི་རྒྱུད་ཀྱི་དར་རྒུད་དང་། དེའི་ཁྱིམ་རྒྱུད་ཀྱི་མི་རབས་རྗེས་མའི་སྐྱིད་སྡུག ཇ་རྟ་གནའལམ་གྱི་ལྟེ་གནས་དར་མདོའི་ཚོང་ལས་དར་རྒྱས། ཚོང་ཟོག་གི་ཁྱད་ཆོས་དང་ཚོང་རའི་གནས་ཚུལ། མི་ཉག་ཨ་ཀྱ་ཁ་པའི་དགེ་བཤེས་རྡོ་རྗེ་སྦྱིན་པའི་འཚོ་བའི་འགྱུར་ལྡོག །ཨ་ཀྱ་ཁ་པའི་མི་རྒྱུད་ཀྱི་བུ་མོ་རིན་ཆེན་ལྷ་མོ་དང་དབྱིན་ཇི་གོང་མའི་བློ་འདོན་པ་ལུའུ་དབྱི་སི་ཅིན་གྱི་གཉེན་སྒྲིག་སོགས་གཞིར་བཟུང་ནས། ཀྲུང་གོའི་བོད་ཀྱི་རིག་གནས་མེས་པོའི་ཡ་གྱལ་དུ་འགྱུར་པའི་བརྩམས་ཆོས་གྲགས་ཅན་ལ་ཞིབ་འཇུག་བྱས་པ་ཡིན། རིན་ཆེན་ལྷ་མོས་སྐབས་དེའི་ཡོ་རོབ་གླིང་གི་སྤྱི་ཚོགས་སུ་བོད་ཀྱི་རིག་གནས་ལ་ལོག་ལྟ་མང་པོ་ཡོད་པའི་སྣང་ཚུལ་སྣ་ཚོགས་མཐོང་ནས། མོས་ཁོང་ཁྲོ་ལངས་པ་དང་བཅས་ཏེ་རང་གི་སྨྱུ་གུ་ཕྲ་མོ་ལ་བསྟེན་ནས་ལོག་བཤད་དག་ལ་སུན་འབྱིན་བྱས། དཀའ་ཚེགས་མང་པོའི་ཁྲོད་ནས་མོའི་གསུང་རྩོམ་ང་ཚོ་བོད་མིཞེས་པའི་བརྩམས་ཆོས་ཡོངས་སུ་གྲུབ། གསུང་རྩོམ་འདི་པར་བསྐྲུན་བྱས་མ་ཐག་ནུབ་ཕྱོགས་སུ་སྐད་གྲགས་ཆེན་པོ་ཕྱིན། སྔ་རྗེས་སུ་སྤྲོ་སེམས་ཆེ་བའི་ཀློག་པ་པོ་མང་པོ་དང་ད་ལྟའི་དཔེ་དེབ་གཅིག་ཀྱང་ལག་ལ་འབྱོར་དཀའ་འགྲེམ་སྤེལ་དར་བའི་གནས་ཚུལ་བྱུང་། དེས་ནུབ་ཕྱོགས་ཀྱི་ཀློག་པ་པོའི་ཁྲོད་དུ་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཤུགས་རྐྱེན་ཐེབས་ཡོད་པས། དཔྱད་རྩོམ་འདིས་ཕྱོགས་ཡོངས་ནས་བརྩམས་ཆོས་དེརམཆོངས་བརྒལ་དང་རྒྱུ་འབྲས་རྣམ་བཞག་གིས་ཞིབ་འཇུག་བྱས་པ་དང་བསྟུན། ལོ་ངོ་བརྒྱ་ལྷག་རིང་གི་ཨ་ཀྱ་ཁ་པའི་མི་རྒྱུད་ཀྱི་རྗེས་རབས་པའི་འགྱུར་ལྡོག་ལ་དཔྱད་པ་ཡིན།


རྟ་རྒྱུག་འགྲན་ཚོགས་ནས་རྟ་རྒྱུག་དུས་ཆེན་བར། དཀར་མཛེས་རྫོང་གི་རྟ་རྒྱུག་རིག་གནས་རྒྱུན་འཛིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་སྐོར་ལ་དཔྱད་པ།

 ཡ་མ་དབང་མོ། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས།

ཡ་མ་དབང་མོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ནི་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། བོད་ཀྱི་རྟ་རྒྱུག་རིག་གནས་ནི་རང་རྒྱལ་གྱི་ཕུལ་བྱུང་མི་རིགས་རིག་གནས་ཡིན་པའི་ངོས་ནས་དེང་རབས་ཅན་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་སུ་དུས་རབས་ཀྱི་འཕེལ་རྒྱས་དང་བསྟུན་ནས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་རེད། རྩོམ་ཡིག་འདིར་ཚད་ལྡན་ཡིག་ཆའི་དཔྱད་གཞིར་བྱེད་པ་དང་ཡུལ་དངོས་སུ་བརྟག་དཔྱད་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ་དཀར་མཛེས་རྫོང་གི་རྟ་རྒྱུག་རིག་གནས་ཀྱི་རྒྱུན་འཛིན་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་འཚོལ་ཞིབ་བྱས་ཤིང་། དཀར་མཛེས་ཀྱི་རྟ་རྒྱུག་རིག་གནས་ཀྱི་ལོ་རྒྱུས་དང་། རྒྱུན་འཛིན་གྱི་གནས་ཚུལ། རྒྱུན་འཛིན་གྱི་དོན་སྙིང་བཅས་ལ་དཔྱད་ཞིབ་གཙོ་བོ་བྱས་པར་མ་ཟད། གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་ལ་དམིགས་ནས་ཁ་གཏད་འཇལ་ཐབས་དང་གྲོས་འགོ་བཏོན་ཡོད།


ཚོགས་གྲོལ་མཛད་སྒོ།


ཚེས་ ༦ གི་ཕྱི་དྲོར་ཁྲོན་བོད་ལོ་རྒྱུས་རིག་གནས་དང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྤྲོ་སེམས་འཁོར་བའི་ངང་དུ་མཇུག་ལེགས་པར་གྲུབ། ཚོགས་གྲོལ་མཛད་སྒོ་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་འགོ་གཙོ་འཇིགས་མེད་རྡོ་རྗེས་ཕྱོགས་སྡོམ་བྱས་ཤིང་ཤིས་ཚིག་འབུལ་བ་དང་། དང་པོར་ལོ་རྒྱུས་ཐོག་ཏུ་ཁྲོན་བོད་ཕན་ཚུན་འབྲེལ་འདྲིས་ཡོད་པ་དང་། ཁྲོན་བོད་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས། ཁྲོན་བོད་འགྲིམ་འགྲུལ་ལོ་རྒྱུས་ཞིབ་འཇུག ལོ་རྒྱུས་རིག་གནས་མི་སྣར་ཞིབ་འཇུག་བཅས་ལ་བགྲོ་གླེང་དང་ཕྱོགས་སྡོམ་མདོ་བསྡུས་བྱས་པ་དང་། དཔྱད་བརྗོད་གནད་དུ་འཁེལ་པ་བྱས། གཉིས་པ་དཀར་མཛེས་བོད་རིག་པ་ཞིབ་འཇུག་གི་མཁས་དབང་རྣམས་ལ་རེ་བ་འདོན་པ་དང་། མཁས་དབང་ཚང་མ་ལོ་རྒྱུས་གོམ་ཁ་གསར་པའི་ཐོག་ཏུ། གཏན་འཁེལ་གཉིས་ལ་གོ་བ་གཏིང་ཟབདང་རང་མོས་ངང་སྲུང་སྐྱོང་གཉིས་ལ་ལག་བསྟར་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པའི་མཛུབ་ཁྲིད་འོགཁྲོན་བོད་ལོ་རྒྱུས་རིག་གནས་དང་མི་རིགས་ཁག་གི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཞིབ་འཇུག་གི་བྱ་གཞག་ཁག་ལ་ལོ་རྒྱུས་གསར་པའི་དབུ་འཕངས་བསྟོད་དགོས། མཇུག་ཏུ་འགོ་གཙོ་འཇིགས་མེད་རྡོ་རྗེས་ལས་ལ་བྲེལ་བའི་ཆེད་མཁས་རྣམ་པ་དང་། མཁས་དབང་རྣམ་པ། དེ་བཞིན་ལས་རོགས་དང་ཚོགས་འདུ་འདི་དཀའ་ལས་བརྒྱབ་པའི་ལས་སྒྲུབ་མི་སྣ་ཀུན་ལ་ཐུགས་རྗེ་ཆེ་ཞེས་གཏམ་གྱི་མཇུག་བསྡུས

དེ་ལྟར་ཚོགས་འདུ་ཕུམ་སུམ་ཚོགས་པའི་ངང་མཇུག་རྫོགས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1