ལྔ་ལྔ་དུས་ཆེན་གྱི་གུང་གསེང་རིང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་50.56ལ་སྣེ་ལེན་བྱས།

རྟ་མགྲིན་གྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 06-13


སྤྱི་ཟླ་6པའི་ཚེས་10ཉིན། གསར་འགོད་པས་དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་ལྔ་དུས་ཆེན་གྱི་གུང་གསེང་རིང་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པོ་བྱུང་ནས་ཁུལ་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་ཁྲི་50.56སྣེ་ལེན་བྱས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་5.56ལ་ཟིན་པ་དེ་2023ལོའི་དུས་མཚུངས་ལས་བརྒྱ་ཆ་27.45དང་བརྒྱ་ཆ་27.52སོ་སོར་འཕར་ཡོད་པ་རེད། བསྡོམས་རྩིས་མ་ལག་ནང་བཅུག་པའི་Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་ཁྲི་17.41སྣེ་ལེན་བྱས་པ་དང་སྤ་སེ་ཡོང་འབབ་སྒོར་ཁྲི་337.02ལ་ཟིན་པ་དེ2023ལོའི་དུས་མཚུངས་ལས་བརྒྱ་ཆ་4.81དང་བརྒྱ་ཆ་20.05སོ་སོར་འཕར་ཡོད་པ་རེད།

དཀར་མཛེས་ཁུལ་གྱི་ལྕགས་ཟམ་ཁ་དང་རོང་བྲག་བརྒྱ་རྒྱུད་བོད་གྲོང་། འདབ་པ་ཉི་སྟེན། དཔལ་སྨད་གསེག་རི་གླིང་ག་སོགས་ལྗོངས་ཁུལ་ནི་སྔར་བཞིན་ཡུལ་སྐོར་བས་ཡུལ་སྐོར་བྱ་ཡུལ་གྱི་གདམ་ག་ཨང་དང་པོ་ཡིན་པས་སྣེ་ལེན་གྱི་གནས་བབ་མཐོན་པོ་ཟིན་ཡོད། དེའི་ནང་ལྕགས་ཟམ་ཁའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་1.79དང་བརྒྱ་རྒྱུད་བོད་གྲོང་གིས་ཡུལ་སྐོར་བ་ཁྲི་1.31དང་། འདབ་པའི་ཉི་སྟེན་གྱིས་ཡུལ་སྐོར་བ་ཁྲི་1.19དང་། དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་0.25དང་། དམུ་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་0.89དང་། གསེག་རི་གླིང་ག་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་1.16བཅས་ལ་སྣེ་ལེན་བྱས་པ་རེད། ཁུལ་ཡོངས་ཀྱི་དཔེ་མཛོད་ཁང་དང་རིག་གནས་ཁང་། དངོས་མང་བཤམས་སྟོན་ཁང་སོགས་སྤྱི་པའི་གནས་སུ་ཁྱོན་མང་ཚོགས་6281ལ་སྣེ་ལེན་བྱས་པ་རེད།

ལྔ་ལྔ་དུས་ཆེན་གྱི་གུང་གསེང་རིང་། དཀར་མཛེས་ཁུལ་གྱིས་འགག་རྩའི་མཚམས་ཚིགས་ཀྱི་འཚུབ་བསྟུན་ལས་རེས་ལག་བསྟར་ནན་པོ་བྱས་པ་དང་། ཁུལ་རིམ་པའི་སྡེ་ཚན་ཁག་དང་རྫོང(གྲོང་ཁྱེར)།  ལྗོངས་ཁུལ་ཁག་གིས་མགོ་ཁྲིད་ཀྱིས་འཛིན་གྲྭའི་སྣེ་ཁྲིད་དང་ཆེད་མིའི་ལས་རེས་ལམ་ལུགས་ལག་བསྟར་ནན་པོ་བྱས།  ཁུལ་དང་རྫོང(གྲོང་ཁྱེར)གི་རིག་གནས་ཡུལ་སྐོར་མ་ལག་གིས་གུང་གསེང་སྐབས་དུས་ཚོད་24རིང་ལས་རེས་བྱས་པ་རེད།  རྫོང(གྲོང་ཁྱེར)ཁག་གིས་འགྲིམ་འགྲུལ་མཚམས་ཚིགས་སུ་བློ་འདྲིའི་ཞབས་ཞུའི་ས་ཚུགས་བཙུགས་པ་དང་ལྗོངས་ཁུལ་ཁག་ཏུ་དང་བླངས་ཞབས་ཞུའི་ས་ཚུགས་བཙུགས་པ་རེད།  དུས་ཆེན་རིང་ཡུལ་སྐོར་བདེ་འཇགས་ལས་འཛོལ་ཚབས་ཆེན་དང་ཡུལ་སྐོར་ཞུ་གཏུག་དོན་རྐྱེན་ཚབས་ཆེན་ཐོན་མེད་པ་དང་ཁུལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་སྤྱིའི་ཆ་ནས་ཉེན་མེད་བརྟན་བརླིང་དང་ཚད་ལྡན། གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1