དཀར་མཛེས་ཁུལ་གྱི་རྫོང་ཁག་བཞིའི་ས་མིང་རིག་གནས་འགྲེལ་བཤད་རྩོམ་སྒྲིག་ལས་དོན་སྐུལ་འདེད་ཚོགས་འདུ་དར་མདོ་རུ་འཚོགས།

དཀར་མཛེས་ཁུལ་ཡིག་སྒྱུར་ལྟེ་གནས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 06-22


སི་ཁྲོན་ཞིང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཡོངས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་ཆེད། སྤྱི་ཟླ་6པའི་ཚེས་20ཉིན་གྱི་ཕྱི་དྲོར། ལྕགས་ཟམ་རྫོང་དང་ཕྱག་ཕྲེང་རྫོང་། འདབ་པ་རྫོང་། སྡེ་རོང་རྫོང་བཅས་རྫོང་ཁག་བཞིའི་ས་མིང་རིག་གནས་འགྲེལ་བཤད་རྩོམ་སྒྲིག་ལས་དོན་སྐུལ་འདེད་ཚོགས་འདུ་དར་མདོ་བོད་རིག་པ་ཞིབ་འཇུག་ཁང་གི་ཚོགས་ཁང་དུ་འཚོགས།

རྫོང་ཁག་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ས་གནས་ཀྱི་ཆེད་མཁས་པ་སོགས་ཐེངས་འདིའི་སྐུལ་འདེད་ཚོགས་འདུར་ཞུགས་པ་དང་། དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་དང་དཀར་མཛེས་ཁུལ་རྩོམ་སྒྱུར་ལྟེ་གནས་ཀྱི་འགོ་གཙོ་འཇིགས་མེད་རྡོ་རྗེས་ཚོགས་འདུར་གཙོ་སྐྱོང་དང་གཏམ་བཤད་གནང་།

ཚོགས་འདུའི་ཐོག །འཇིགས་མེད་རྡོ་རྗེས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། དཀར་མཛེས་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་རིག་གནས་སྲུང་སྐྱོབ་སྐོར་གྱི་ཚོགས་འདུ་དང་གསུང་བཤད་རབ་དང་རིམ་པ་གནང་ཡོད་པར་མ་ཟད། ལྷག་པར་དུ་ས་མིང་རིག་གནས་འགྲེལ་བཤད་ཀྱི་ལས་དོན་འདི་ནི་ཏང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛིན་པ་དང་། མི་རིགས་མཐུན་སྒྲིལ། ས་གནས་ཆབ་སྲིད་བརྟན་བརླིང་བཅས་ལ་ནུས་པ་གལ་ཆེན་ལྡན་པའི་ལག་ལེན་དངོས་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གལ་ཆེ་བའི་གྲུབ་ཆ་མང་པོ་ཡོད་ཅིང་། ཀྲུང་ཧྭའི་དཔལ་ཡོན་ནི་རྒྱུན་མཐུད་རང་བཞིན་འབུར་དུ་ཐོན་པ། གསར་གཏོད་རང་བཞིན་འབུར་དུ་ཐོན་པ། གཅིག་གྱུར་རང་བཞིན་འབུར་དུ་ཐོན་པ། ཞི་བདེ་དང་ཞིབ་མཐུན་རང་བཞིན་འབུར་དུ་ཐོན་པ། བཟོད་སྒོམ་རང་བཞིན་འབུར་དུ་ཐོན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་གྲུབ་འབྲས་ཡིན། དེ་ལྟར་ས་མིང་རིག་གནས་འགྲེལ་བཤད་ཀྱི་ལས་དོན་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཚད་འདི་ནི་ས་གནས་སྤྱི་པའི་རིག་གནས་ཞབས་ཞུའི་གྲུབ་ཆ་གལ་ཆེན་ཡིན་པ་སོགས་ཀྱི་གཏམ་བཤད་གནང་བ་དང་། ཐུགས་རྣལ་དུ་ཕབ་སྟེ་འཐུས་མི་དག་གི་སྙན་ཞུ་དང་རེ་བ་རེ་རེ་བཞིན་གསན་པ་རེད།

མཇུག་ཏུ་རྫོང་ཁག་བཞིས་ཚོགས་འདུ་ཐོག །མུ་མཐུད་དུ་ས་མིང་གྲུབ་འབྲས་ལ་བེད་སྤྱོད་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་ས་མིང་རིག་གནས་འགྲེལ་བཤད་ལས་དོན་ལེགས་འགྲུབ་ཡོང་བར་རོགས་འདེགས་བྱ་རྒྱུའི་དམ་བཅའ་དང་བཅས་ཚོགས་འདུའི་འཇུག་ལེགས་པར་གྲུབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1