ཨུ་རུ་སུའི་ལོ་མང་རིང་དོར་ཟིན་པའི་གནམ་གྲུ་མཛོད་ཁང་ཞིག་གསལ་རྗེན་དུ་བསྟན་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-16


མཁའ་བསྐྱོད་གནམ་གྲུའི་མཛོད་ཁང་གི་ཕྱིའི་བཀོད་པ།

         དབྱིན་ཇིའི་《ཉིན་རེའི་སྦྲགས་སྲིད་ཚགས་པར།》ལས་བསྟན་དོན། ཨུ་རུ་སུའི་པར་བ་མུས་ལིས་པོའོ་སི་ཡིས་པེའེ་ཁུ་ནོའོ་ཨར་གནམ་གྲུ་འབབ་ཐང་གི་ཉེ་འགྲམ་གྱི་དོར་ཟིན་པའི་གནམ་གྲུ་ཐང་ལ་བཅར་འདྲི་བྱས།  དུས་རབས་20བའི་ལོ་རབས་80བའི་ནང་ཨ་རི་དང་སུའུ་ལེན་གཉིས་ཀྱིས་མཁའ་ལམ་དམག་རྩལ་འགྲན་སྐབས། སུའུ་ལེན་གྱིས་ཁ་བ་བུ་ཡུག་རྟགས་ཅན་(Buran)གྱི་གནམ་གྲུ་བཟོ་བཀོད་བྱས་པའི་འགོ་བརྩམས་པ་རེད། བཟོ་བཀོད་དེ་གཙོ་བོ་ཨ་རིའི་མཁའ་ལམ་གནམ་གྲུ་ལག་རྩལ་ལ་ལད་མོ་བྱས་པ་ཡིན་ལ། མི་མེད་མཁའ་བསྐྱོད་གནམ་གྲུ་ལེགས་འགྲུབ་བྱུང་ནའང་རྗེས་ནས་སྔོན་རྩིས་མ་དངུལ་ཇེ་ཉུང་ལ་བཏང་བས་1998ལོར་བཟོ་བསྐྲུན་གྱི་མཚམས་བཞག་པ་རེད།

རྒྱ་ཆེ་བའི་གནམ་གྲུའི་མཛོད་ཁང་དེར་གདུང་མ་ཆེན་པོ་གསུམ་ཡོད་ལ། གདུང་མ་རེ་རེས་ལྗིད་ཚད་ཏུན་400ཐེག་པར་བཤད། གནམ་གྲུ་ལ་སྤོ་འགུལ་སྒྲིག་ཆས་དང་མཁའ་བསྐྱོད་གནམ་གྲུའི་ལག་རྩལ་བཀོལ་ཡོད་པ་རེད། པར་བ་མུས་ལིས་པོའོ་སི་ཡིས་གཟིགས་སྐོར་སྟེགས་བུའི་སྟེང་ནས་གཏོས་ཆེ་བའི་གནམ་གྲུ་གཉིས་མཐོང་བར་མ་ཟད། གནམ་གྲུ་དང་འབྲེལ་བའི་སྒྲིག་ཆས་མང་པོའང་མཐོང་ཡོད་པ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1