བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་གསོ་རིག་སློབ་གླིང་དུ་མངོན་མིན་ཤུལ་བཞག་རིག་གནས་སློབ་གྲྭའི་ནང་འགྲེམ་པའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-16


           སྤྱི་ཟླ་6པའི་ཚེས་13ཉིན་ནི་རང་རྒྱལ་གྱི་རིག་གནས་ཤུལ་བཞག་ཉིན་མོ་ཐེངས་བཅུ་པ་ཡིན་ཞིང་། ཚེས་13དང་14ཉིན་གཉིས་རིང་མངོན་མིན་ཤུལ་བཞག་རིག་གནས་སློབ་གྲྭའི་ནང་འགྲེམ་པའི་བྱེད་སྒོ་དེ་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་གསོ་རིག་སློབ་གླིང་དུ་སྤེལ་ཞིང་།    བོད་ལྗོངས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་གསོ་རིག་སློབ་གླིང་སོགས་སློབ་གྲྭ་བདུན་ལ་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཤེས་བྱ་སློབ་གྲྭར་ཁྱབ་པ་བྱེད་པའི་ལག་ལེན་ཀྱི་རྟེན་གཞིའི་མཚན་སྙན་ཐོབ་ཡོད་པ་རེད། བྱེད་སྒོའི་ཐོག་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཁག་མང་པོ་འགྲེམ་སྟོན་བྱས་ཡོད་པར་མ་ཟད། མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པས་ས་གནས་ས་ཐོག་ཏུ་ལག་ཤེས་བཟོ་རྩལ་གྱི་འགྲེམ་སྟོན་བྱས་པ་དང་ད་དུང་གླུ་གར་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་རེད། བྱེད་སྒོ་དེས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་བྱེད་སྒོའི་ནང་མི་ཚང་མ་ཞུགས་པ་དང་སྲུང་སྐྱོབ་གྲུབ་འབྲས་མི་ཚང་མས་མཉམ་རོལ་ཐུབ་པའི་ནུས་པ་བཟང་པོ་ཐོན་ངེས་རེད།

 

འགྲེམས་སྟོན་གྱི་གནས་ཚུལ།

 

འགྲེམས་སྟོན་གྱི་གནས་ཚུལ།

སློབ་མ་ཚོས་བྱེད་སྒོ་ལ་ཧ་ཅང་དགའ་པོ་བྱེད་བཞིན་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1