ལས་སྟེགས་ཞབས་ཞུ་ཚད་ལྡན་ཅན་དུ་གཏོང་བ་དང་། སྲིད་དོན་ཞབས་ཞུའི་ནུས་པ་དང་ཆུ་ཚད། ལས་རིགས་བྱང་ཚད་བཅས་མཐོ་རུ་བཏང་ནས། བྱང་ཚད་མཐོ་བའི་སྲིད་དོན་ཞབས་ཞུའི་དཔུང་ཁག་ཅིག་གཏོད་ཆེད། སྤྱི་ཟླ་7པའི་ཚེས་28ཉིན། མཛོད་དགེ་རྫོང་གིས་རྫོང་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བའི་གསོ་སྦྱོང་བྱེད་སྒོ་སྤེལ།
ཐེངས་འདིའི་གསོ་སྦྱོང་ཁྲོད་གནད་དོན་དབྱེ་ཞིབ་དང་བྱ་ཐབས་མཉམ་སྤྱོད། ཡུལ་དངོས་ནས་སྤེལ་རེས་བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད། གསོ་སྦྱོང་ནང་ཞུགས་མཁན་རྣམས་ལ་རྫོང་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་ལས་དོན་ལེགས་སྒྲུབ་ཐད་གསལ་འགྲེལ་བྱས། ཚད་ལྡན་ཅན་གྱི་ཞབས་ཞུ་དང་སྤུས་ལེགས་ཞབས་ཞུ། གནད་དོན་གནས་བབ་མཉམ་སྤྱོད། རང་འགུལ་ཞབས་ཞུའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་སོགས་ཕྱོགས་འགའི་ཐད་ནས་འགྲེལ་བཤད་གང་ལེགས་གནང་ནས། ཞིབ་ཕྲའི་གནས་ཚུལ་ལ་དབྱེ་ཞིབ་དང་གསལ་སྟོན་བྱས། སྲིད་དོན་ཞབས་ཞུའི་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་བྱས་པས། རང་རེའི་རྫོང་གི་སྲིད་དོན་ཞབས་ཞུའི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་སའི་རང་བཞིན་དང་མཛུབ་སྟོན་རང་བཞིན། དངོས་ཕན་རང་བཞིན་བཅས་ལྡན།
རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་། སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ལས་སྟེགས་ལས་དོན་མི་སྣ། ཡུལ་གྲོང་དམངས་བདེ་ཞབས་ཞུའི་ལྟེ་གནས་ཀྱི་འགན་འཁུར་པ་བཅས་ཐེངས་འདིའི་གསོ་སྦྱོང་ནང་ཞུགས།
ཁྲལ་དོན་ཅུས་ཀྱི་ལས་བྱེད་མི་སྣ་དཔལ་ལྡན་ལྷ་མོས་དེ་རིང་གི་གསོ་སྦྱོང་ཁྲོད་ངས་སྲིད་དོན་ཞབས་ཞུའི་ཤེས་བྱ་དང་རྩལ་ནུས་སྦྱོང་ཐུབ་པར་མ་ཟད། ཉིན་རྒྱུན་གྱི་ལས་ཀའི་གོམས་གཤིས་དང་རྣམ་འགྱུར་ལེགས་པོ་སྐྱེད་སྲིང་བྱས། སྲིད་དོན་ཞབས་ཞུའི་ལས་ཀའི་ཁྲོད་ང་ཚོས་ཞབས་ཞུ་འདོན་ཡུལ་གྱི་ངོས་ཐད་ནས་གནད་དོན་ལ་བསམ་གཞིགས་བྱེད་དགོས། བརྩི་བཀུར་གང་ལེགས་བྱས་ཏེ་སྣང་བརྙན་ལེགས་པོ་བསྐྲུན་དགོས། ཐེངས་འདིའི་གསོ་སྦྱོང་སྤེལ་རྗེས་མཛོད་དགེ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་དང་ཞབས་ཞུའི་ཆུ་ཚད་སྐས་རིམ་གསར་པར་སླེབས་པའི་ཡིད་ཆས་བརྟན་པོ་ཡོད་ཅེས་བཤད།
བབ་བཟོ་ཡུལ་ཚོའི་འགོ་འཛིན་གཞོན་པ་ཏེང་པིན་ཀུའེ་ཡིས་སྲིད་དོན་ཞབས་ཞུ་ལྟེ་གནས་ནི་སྲིད་གཞུང་དང་མི་སེར་གྱི་འབྲེལ་ཟམ་གལ་ཆེན་ཡིན། དེའི་ལས་ཕྱོད་དང་སྤུས་ཀ་མི་སེར་གྱི་སྲིད་གཞུང་ལ་བཅིངས་བའི་ཡིད་རྟོན་ཚད་དང་བློར་བབ་ཚད་ལ་རག་ལས་ཡོད། དེ་རིང་གི་སྲིད་དོན་ཞབས་ཞུའི་ནུས་པ་ལེགས་འདོན་གྱི་གསོ་སྦྱོང་། ཁྱད་པར་དུ་རྒན་ཅ་ལགས་ཀྱི་འགྲེལ་བཤད་བརྒྱུད། ང་ཚོའི་སྲིད་གཞུང་གི་ཆུ་ཚད་ཇེ་མཐོར་བཏང་། སླད་ཕྱིན་གྱི་ལས་དོན་ང་ཚོས་ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གྱིས་ཁྲིད་སྟོན་བྱས་ཏེ། བབ་བཟོ་ཡུལ་ཚོའི་སྲིད་དོན་ཆུ་ཚད་ཇེ་མཐོར་བཏང་ནས། བབ་བཟོ་ཡུལ་ཚོའི་ལས་དོན་ཁག་ཁྱོན་ཡོངས་ནས་སྤེལ་བར་རང་ངོས་ཀྱི་ནུས་ཤུགས་ཕུལ་རྒྱུ་ཡིན་ཞེས་བཤད། །