ཀྲུང་གོའི་ཚན་སྡེབ་འདི་ལ་གསེར་གྱི་རྟགས་མ་ཐོབ།

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་བརྙན་འཕྲིན། སྤེལ་དུས། 08-01


ཚེས་སུམ་ཅུ་ཉིན། ཕེ་རིས་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་མཉམ་བསྲེས་རྟིང་རྩོད་འགྲན་བསྡུར་ཁྲོད་ཀྲུང་གོའི་ཚན་སྡེབ་ཝང་ཁྲུའུ་ཆིན་དང་སུན་དབྱི་ཧྲ་ཡིས་བཞི་སྡུར་གཉིས་ཀྱི་ཐོག་ནས་ཁོ་རེ་ཡ་བྱང་མའི་ཚན་སྡེབ་ལི་ཀྲིན་ཀྲི་དང་ཅིན་ཆིན་དབྱིན་གཉིས་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས།

འདི་ནི་ཀྲུང་གོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཕིང་ཕང་སྤོ་ལོའི་མཉམ་བསྲེས་འགྲན་སྡུར་གྱི་ལོ་རྒྱུས་ཐོག་གི་གསེར་གྱི་རྟགས་མ་དང་པོ་ཡིན་ལ། ཕེ་རིས་ཨོ་རྩལ་འགྲན་ཚོགས་ཐོག་གི་ཀྲུང་གོའི་ཕིང་ཕང་སྤོ་ལོའི་ཚོགས་པའི་གསེར་གྱི་རྟགས་མ་ཐོག་མ་རེད། ཚན་སྡེབ་འདི་ལ་རྟེན་འབྲེལ་ཞུ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1